རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་འབྲེལ་ཟམ་དང་འབྲེལ་ཐག་དང་ལས་རོགས་ཀྱི་ནུས་པ་གང་ལེགས་བཏོན་པ།
དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་ཁྲི་52ལྷག་ཙམ་ཟིན་པ།
གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་དུས་ཚིགས་གསུམ་པའི་བར། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་ཁྲི་52.39ཟིན་པ་དེས་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་97.4%བཟུང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འབབ་བསྡོམས་འབོར་སྒོར་དུང་ཕྱུར་224.98ཟིན་པ་དེས་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་གྱི་76.25%བཟུང་བ། ལྗོངས་ཡོངས་ཀྱི་དམངས་ཁྲོད་མ་འཇོག་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། དམངས་གཉེར་དཔལ་འབྱོར་གྱིས་ལྗོངས་ཡོངས་ཀྱི་80%ཡན་གྱི་ངལ་རྩོལ་ནུས་ཤུགས་ལས་ཀར་བསྡུས་ཡོད་པ་རེད།
རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དང་དད་སེམས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁོངས་གཏོགས་ཀྱི་ཁོངས་ཞུགས་ཁེ་ལས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་སྒྲོག་འགྲེལ་བྱས་ཏེ“ལོ་རྒྱུས་ཁག་ལྔ”དྲིལ་བསྒྲགས་སློབ་གསོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་གཏོང་བ་དང་།“དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་འཆད་ཁྲིད་ཆེ་མོ”དང་། ཆེད་དོན་འཆད་ཁྲིད། སྒྲོག་འགྲེལ་ཚོགས་འདུ། གསོ་སྦྱོང་འཛིན་གྲྭ་སོགས་དུས་བཀག་ལྟར་གཉེར་བར་དྲ་ཐོག་དང་དྲ་ཕྱི་ནས་མི་ཐེངས་7518སློབ་ཁྲིད་ལ་ཞུགས་ཡོད།
རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགན་ནུས་ཀྱི་ལེགས་ཆར་གཞི་ཚུགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐྱོན་བྲལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཚོགས་ཆེན་དང་དམངས་གཉེར་དཔལ་འབྱོར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུར་གཞོགས་འདེགས་བྱེད་པ། དམངས་གཉེར་ཁེ་ལས་ཀྱིས་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱས་འབྲས་བརྡ་ཁྱབ་གཏོང་བ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“དངུལ་ཁང་དང་ཁེ་ལས་ངོ་ཐུག་གདོང་འཕྲད”ཀྱི་བྱེད་སྒོ་སྤེལ་བར་སྐུལ་འདེད་བཏང་ཡོད། གཞན་ཡང་། “ཀྲུང་གོའི་གཟི་བརྗིད་བྱ་གཞག་གི་བོད་ཀྱི་བྱ་སྤྱོད”སོགས་ཀྱི་བྱེད་སྒོ་སྤེལ་ནས་དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་དང་ཚོང་རྟེན་ཚོང་འགུགས་དང་། སློབ་སྦྱོང་དང་སྐུལ་འདེད་གཏོང་རེས་བཅས་བྱས་ནས་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་མ་རྩའི་གསོན་ཤུགས་དང་། དོ་དམ་ཆུ་ཚད། སྒྱུར་བཅོས་གསར་གཏོད་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་50ཙམ་ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”
དང་། “རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་རྟགས་ཅན” “རྒྱལ་ཡོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྔོན་ཐོན་དམངས་གཉེར་ཁེ་ལས”“ཀྲུང་གོའི་ཁྲོམ་ཞུགས་ཀུང་སིའི་རིན་ཐང་རྩེ་གྲ་བརྒྱ” “གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱེད་མཁན་ཕུལ་བྱུང་ཁེ་ལས” “མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དཔེ་བཟང་ཚན་པ”སོགས་ཀྱི་གཟི་བརྗིད་ཐོབ་ཡོད།