དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཕྲལ་སྡོམ་རླུང་འཕྲིན་གྱིས་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-03

    ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ཀྱི་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2019ལོའི་ཚུན་དུ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བོད་དུ་རྫོང་རིམ་པའི་ལས་སྟེགས་71དང་། ཤང་དང་གྲོང་རྡལ་གྱི་མདུན་སྣེ་671 སྲིད་འཛིན་གྲོང་ཚོའི་མདུན་སྣེ་5251བཅས་བསྐྲུན་པ་དང་། ཀ་གཟུགས་སྒྲ་བསྐྱེད་དང་རྒྱང་བསྒྲགས་ཆེན་པོ་སོགས་རང་འགུལ་ཁྱབ་བསྒྲགས་མཐའ་སྣེ་ཁྲི་8ལྷག་ཙམ་སྒྲིག་སྦྱོར་བྱས་ཡོད། 2025ལོར་རྫོང་དང་ཆུས་74ཚང་མར་འཕྲལ་སྡོམ་རླུང་འཕྲིན་ཡོད་པ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་པའི་འཕྲལ་སྡོམ་རླུང་འཕྲིན་མ་ལག་འཛུགས་རྒྱུ་ཡིན་པ་རེད། འཕྲལ་སྡོམ་རླུང་འཕྲིན་འཛུགས་སྐྲུན་དོ་དམ་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་དྲ་ཐོག་ཏུ་ཞུགས་ཚད་90%ཡན་བརྟན་པོ་ཟིན་པ་དང་། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2024ལོར་རང་ལྗོངས་ཀྱིས་འཕྲལ་སྡོམ་རླུང་འཕྲིན་ཞབས་ཞུའི་འབྲུབ་འགོག་རྒུད་སྐྱོབ(2024)ཆེད་དོན་བྱ་སྤྱོད་སྤེལ་ནས་གེགས་འགོག་གེགས་སེལ་དྲིལ་བསྒྲགས་ཀྱི་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་འཕྲལ་སྡོམ་རྒྱང་བསྒྲགས་མ་ལག་དེ་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གི“འཕྲལ་སྡོམ་བརྡ་ལན་གཅིག་མཐུད་མ་ལག”དང་སྦྲེལ་མཐུད་ལེགས་གྲུབ་བྱས་ནས་ཉེན་བརྡའི་ཆ་འཕྲིན་སྐར་ཆ་30ནང་འཕྲལ་སྡོམ་རྒྱང་བསྒྲགས་བརྒྱུད་ཁྱབ་བསྒྲགས་ཐུབ་ཡོད། འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་བདེ་འཇགས། ཨར་ལས་བདེ་འཇགས། རང་སྐྱོབ་དང་སྐྱོབ་རེས་སོགས་བདེ་འཇགས་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། གནམ་གཤིས་ཀྱི་གནོད་འཚེ་སོགས་ཉེན་བརྡའི་ཆ་འཕྲིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཁྱབ་བསྒྲགས་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འཕྲལ་སྡོམ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། སྲིད་ཇུས་དང་བཅའ་ཁྲིམས་དྲིལ་བསྒྲགས། བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ཀྱི་ལས་དོན་སྤེལ་ནས། གཞི་རིམ་ལ་ཆ་འཕྲིན་ཁྱབ་སྤེལ་གྱི་ཞབས་ཞུ་སྣ་མང་ཅན་མཁོ་འདོན་བྱས་ཡོད། 2024ལོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཆ་འཕྲིན་9000རྒྱང་བསྒྲགས་ནས་བཏང་སྟེ། ཏང་གི་གསུང་སྒྲ་གཞི་རིམ་དང་། ཞིང་འབྲོག་ཁུལ། ཁྱིམ་ཚང་བཅས་སུ་ཁྱབ་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།