དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕོ་བྲང་པོ་ཏ་ལ་འཛམ་གླིང་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་ནས་ལོ་30འཁོར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

    བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐོག་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-03

    ཉིན་ཤས་གོང་། “བདེན་དཔང་དང་ལྟ་སྲུང—ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དབྱིག་ནོར་ཁང་དུ་བྱས་ཤིང་། དེ་ནི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གཉེར་ཐེངས་ཐོག་མ་དེ་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཉེར་འགན་འཁུར་བ་ཞིག་རེད།

    བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནང་མི་རིགས་མཐུན་སྒྲིལ་མཚོན་པའི་རིག་དངོས་100ལྷག་ཙམ་ལེགས་འདེམས་བྱས་པ་དེ“ཁྱིམ་ཚང་གཅིག་ལྟར་འཆམ་མཐུན”དང“རྣམ་པ་གསར་རྐྱང”ཞེས་ཆ་ཤས་གཉིས་ལ་དབྱེ་ཡོད། དངོས་པོ་དང་། པར་རིས། ཚད་ལྡན་ཡིག་ཆ། བརྙན་པར། བརྒྱུད་ལམ་སྣེ་མང་གི་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་ནས་ཕོ་བྲང་པོ་ཏ་ལ་འདི་ཉིད་ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་སྐྱོད་པ། སྣ་མང་ནས་གཞི་གཅིག་ཏུ་འདུས་པ་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་རིམ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།