དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགན་འཁྲི་འཁུར་ཕོད་པར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་གྱི་ཤིས་ཚིག་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-03

    “2024ལོར་ང་ཚོ་དུས་བཞི་དང་འགྲོགས་ནས་མཉམ་དུ་ཆར་རླུང་དང་འཇའ་ཚོན་གྱི་ལམ་བུ་བརྒྱུད་ཅིང་། སྐད་ཅིག་མ་རེ་རེའི་རྗེས་ཤུལ་སྤྱིར་བཏང་མིན་པའི་ལོ་འདིར་བཞག་ཡོད”ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་དུས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཤིང་། གསུང་སྒྲ་གསལ་ཞིང་ཤུགས་དང་ལྡན་པ་དང་། ཐུགས་ཁུར་ཟབ་མོ། བྱམས་བརྩེའི་སྨོན་འདུན་བཅས་ལས་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱང་ལམ་གསར་པར་འགན་འཁྲི་འཁུར་ཕོད་པར་བྱས་ནས་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ཚང་མས་ལོ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྲོ་སེམས་སྔར་བས་ཆེ་བ་དང་འཐབ་འཛིང་གི་སྙིང་སྟོབས་དེ་བས་ཆེན་པོས་འབད་འཐབ་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    “ལོ་གཅིག་ནང་། རྨང་གཞིའི་རྒན་གསོའི་དངུལ་གྲངས་མཐོ་རུ་ཕྱིན་པ་དང་། སྡོད་ཁང་གི་དངུལ་བུན་སྐྱེད་ཚད་དམའ་རུ་ཕྱིན་པ། ཐད་ཀར་མཇུག་རྩིས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་བ་དེས་ཡུལ་གཞན་དུ་སྨན་བཅོས་བྱེད་བདེ་རུ་ཕྱིན་པ། འཛད་རྫས་རྙིང་པ་གསར་པར་བརྗེས་པས་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་སོགས་ལས་ཚང་མའི་ཐོབ་སྣང་སླར་ཡང་ཆེ་རུ་ཕྱིན་ཡོད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་གི་བཀའ་མོལ་དེར་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་དབང་ཕྱུག་རྡོ་རྗེར་མྱོང་ཚོར་མང་པོ་བྱུང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ནས་དམངས་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་གསར་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མང་ཚོགས་ཉེ་འགྲམ་གྱི་སྨན་བཅོས་འགན་བཅོལ་གྱི་དོན་ཆེན་དང་དོན་ཆུང་ལེགས་པར་སྒྲུབ་པར་འབད་བརྩོན་བྱས་ཏེ། ཚང་མའི་འཛུམ་མདངས་སྔར་བས་རྒྱས་པ་དང་སེམས་པ་སྔར་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད།

    “ང་ཚོ་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མདུན་དུ་སྐྱོད་བཞིན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ཐུབ་ངེས་རེད”ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་ལོ་གསར་གྱི་ཤིས་ཚིག་གི་ཐད་གཏོང་ལ་ནན་ཏན་བལྟས་རྗེས། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཅང་ཞའོ་ཧུང་གིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་དུང་བརྡ་གྲགས་ཡོད། 2025ལོར་ང་ཚོས་རང་འཁྲིའི་ལས་ཀར་གཞི་ཚུགས་ནས་གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཚན་རྩལ་གསར་གཏོད་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་ཆེད་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་གྱི་ཡིན”ཞེས་བརྗོད།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་ཆུ་ཚན་གྲོང་ཚོའི་ཧྲུའུ་ཅི་དང་པོ་སྒྲོལ་མས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྒྲོན་པའི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས། ངས་ཆུ་ཚན་གྲོང་ཚོའི་འཕེལ་རྒྱས་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། ཉེ་བའི་ལོ་ཤས་རིང་། ཆུ་ཚན་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ཆུ་ཚན་ཐོན་ལས་ཀྱི་ལེགས་ཆར་བརྟེན་ཏེ་བཀྲིས་བདེ་ལེགས་ཚོམས་ཆེན་དང་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཐད་གཏོང་བྱ་ཡུལ་གྱི་ཐོན་ལས་རྣམ་གྲངས་བཏོད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། ལོ་གསར་པར་རྒྱང་ལམ་གསར་པར་སྐྱོད་པ་དང་རེ་བ་གསར་པས་ཁེངས་ཤིང་། ང་ཚོས་ཁྱད་ལྡན་ཐོན་ལས་རྣམ་གྲངས་སྔར་བས་ཆེ་རུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་པ་སྔར་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཉན་རྗེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་སོང” ལྷོ་ཁ་གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཁྲེན་ཅིང་གིས“ལོ་གསར་པར་ང་ཚོས་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་འབུར་དུ་ཐོན་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་དངོས་གཉེར་གོ་ཆོད་ཀྱི་ལས་ཀའི་བྱེད་ཐབས་བཏོན་ནས་སྲིད་ཇུས་ཁག་གི‘སྣ་འདུས་ཐབས་བཟང’མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་ཀྱི་ཡིན”ཞེས་བཤད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་མི་རྣམས་སེམས་འགུལ་ཐེབས་པ་ཞིག་འདུག” མངའ་རིས་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་སྟོབས་ལགས་ཀྱིས། 2025ལོར་ང་ཚོས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། ལས་ཀ་བྱེད་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”འདུ་ཤེས་མི་སེམས་སུ་སྔར་བས་ཟུག་པ་བཅས་བྱས་ཏེ་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།