ཆུ་ཚོད་240རིང་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལས་ཀྲུང་གོར་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་བ།
འདི་ནི་2024ལོའི་ཟླ་12ཚེས་26ཉིན་པེ་ཅིང་ཆན་མོན་ཁྲོམ་ལམ་ཆེན་པོར་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།
འདི་ནི་2024ལོའི་ཟླ་12ཚེས་27ཉིན་པེ་ཅིང་ཏ་ཤིང་གནམ་ཐང་གི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱལ་མཚམས་ནས་འཛུལ་བཞིན་པ།
2024ལོའི་ཟླ་12ཚེས་17ཉིན་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་པའི་ཀྲུང་གོའི་ཆུ་ཚོད་240རིང་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་གསར་པ་ལས་ཀྲུང་གོར་ཡུལ་སྐོར་བྱེད་པའི་ཚ་རླབས་སླར་ཡང་འཕྱུར་ཡོད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར་རྒྱལ་ཡོངས་འགག་སྒོ་ཁག་གི་རྒྱལ་མཚམས་ནས་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་2921.8ཟིན་པ་དེའི་ནང་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནས་འཛུལ་མཁན་མི་ཐེངས་ཁྲི་1744.6ཟིན་པ་དེ་དུས་མཚུངས་ལས་123.3%འཕར་ཡོད། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལ་བརྟེན་ནས་ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བའི་མི་གྲངས་ལོ་གོང་མའི་དུས་མཚུངས་ལས་132.9%འཕར་ཡོད་པ་རེད།