དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཐའ་སྲུང་མི་དམངས(ལས་རོགས)ཉེན་རྟོག་པའི་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་རྣམ་གྲངས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-01

    ཉེ་ཆར། བོད་ལྗོངས་མཐའ་སྲུང་མི་དམངས(ལས་རོགས)ཉེན་རྟོག་པའི་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་དང་། དེའི་དམིགས་ཡུལ་ནི་མཐའ་སྲུང་མི་དམངས(ལས་རོགས)ཉེན་རྟོག་པའི་སྨན་བཅོས་སྟབས་བདེ་མེད་པའི་དོན་དངོས་དཀའ་ངལ་ཞི་ལྷོད་དུ་བཏང་ནས་མཐའ་སྲུང་མི་དམངས(ལས་རོགས)ཉེན་རྟོག་པའི་གཟུགས་པོའི་བདེ་ཐང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་ཆེད་རེད།

    འགོ་ཚུགས་མཛད་སྒོ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དུས་རབས་གསར་པའི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོར་གཅེས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གནས་སྤོས་མི་སེར་དོ་དམ་སྒྲིག་གཞི་དང་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་རྒྱག་པ། མི་དམངས(ལས་རོགས)ཉེན་རྟོག་ལས་བཟོར་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་གསར་གཏོད་དང་འཚོལ་ཞིབ་བྱེད་པ། སྣ་མང་ཅན་དང་ཆེད་ལས་ཅན་གྱི་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ།“མཐའ་མཚམས་བརྟན་དུ་གཏོང་བའི་དྲོ་སྐྱིད་བྱ་སྤྱོད”སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།