དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཙིར་གྱི་གྲོང་ཁྱེར་མང་པོས་གཟའ་མཇུག་གི་རང་མོས་ཚོང་འདུས་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-01

    པར་ཙིར་གྱི་གྲོང་ཁྱེར་མང་པོས་ཁྲོམ་གཞུང་དུ་གཟའ་མཇུག་གི་རང་མོས་ཚོང་འདུས་བཀོད་སྒྲིག་བྱས་པ་དང་། ལི་གཡོད་རེ་ནེ་ལུ་ཁོ་ནར་རང་མོས་ཚོང་འདུས་150ལྷག་ཙམ་ཡོད། ཀེ་ལུའོ་ལི་ཡའི་ཚོང་འདུས་ནི་གཞི་ཁྱོན་ཆེ་ཤོས་ཀྱི་རང་མོས་ཚོང་འདུས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ལི་གཡོད་རེ་ནེ་ལུའི་ཀེ་ལུའོ་ལི་ཡའི་གྲུ་ཁའི་ཉེ་འགྲམ་དུ་གནས་ཡོད། ཚོང་པས་ཁྲོམ་གཞུང་རྒྱུད་དུ་ཁྲོམ་སྨི་བརྒྱ་ལྷག་ཙམ་ཟིན་པ་སྟོན་པ་དང་། ཁོང་ཚོས་ཞིང་ཞོར་ཐོན་རྫས་སྣ་ཚོགས་དང་། ཁྱད་ལྡན་སིལ་ཟས། ལག་ཤེས་ཐོན་རྫས། རྒྱན་གོས་བླུག་སྒམ། ཉིས་བརྒྱུད་དངོས་རྫས་སོགས་འཚོང་གི་ཡོད་པ་རེད། འདི་ནི་ཀེ་ལུའོ་ལི་ཡའི་ཚོང་འདུས་ཀྱི་མེ་ཏོག་འཚོང་ས་ཡིན་པ། འདི་ག་ཚགས་པར་གྱི་ལ་ཏིང་མེ་གླིང་ལྟེ་བའི་ཡན་ལག་ཁང་གི་ཝུའེ་ལན་·ཁོ་ཨའེ་ལུའེ་·ཝེ་ཡ་ན་ཡིས་པར་བརྒྱབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།