དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2024ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ལག་རྩལ་གྱི་དཀའ་གནད་ཁག་གཅིག་ལ་དམིགས་ཏེ། ཞིང་ཆེན་དང་ཀྲོའུ་ཡི་སྡེ་ཚན་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་དང་མཉམ་དུ་ལོ་འཁོར་གྱི་ཆེད་དོན་བརྟག་ཞིབ་བྱས་ཏེ། བ་ཚྭའི་ས་ཆ་ལེགས་བཅོས་དང་འདྲེ་ཚེར་མའི་རྩ་བ་རུལ་ནད་འགོག་བཅོས་སོགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྣམ་གྲངས་ཀྱི་དགོས་མཁོ་ཁག་36སྔོག་འདོན་གཏིང་ཟབ་བྱས་ཏེ་བ་ཚྭའི་ས་ཆ་ཕྱོགས་བསྡུས་ལེགས་བཅོས་དང་འདྲེ་ཚེར་མའི་རྩ་བ་རུལ་ནད་འགོག་བཅོས་ཀྱི་ཞིང་ཆེན་རིམ་པའི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་2སྐྱེད་སྲིང་བྱས་ནས་ལག་ལེན་བསྟར་ཞིང་། མིག་སྔའི་བར། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་19དང་མ་དངུལ་སྒོར་ཁྲི་4143ལ་ཆོག་མཆན་ཐོབ་ཡོད། གཙོ་གནད་ཁེ་ལས་ལ་བསྐྱོད་དེ་འགག་རྩའི་ལག་རྩལ་གྱི་དགོས་མཁོ་ཁག་72མཐིལ་རྟོགས་བྱས་ནས་ཀྲོའུ་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་13དང་མ་དངུལ་སྒོར་ཁྲི་286གཤམ་སྤྲོད་བྱས་ནས་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་3343.24གཏོང་བར་སྣེ་ཁྲིད་ནུས་ལྡན་བྱས་ཡོད།

    མཚོ་ནུབ་ཀྲོའུ་ཡིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་ཤུགས་ལ་བརྩིས་ནས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་སྐྱེད་སྲིང་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་གཏོང་རྒྱུར་དམིགས་ཏེ། ཚན་རྩལ་གྱི་སྲིད་ཇུས་སྒྲོག་འགྲེལ་རྒྱ་ཁྱབ་དང“གཅིག་གཏད་གཅིག”གི་འཚམས་འདྲིའི་ཞབས་ཞུ་སོགས་ཀྱི་བྱེད་སྟངས་བརྒྱུད། ཁེ་ལས་ལ་རྒྱུན་རྣམ་ཅན་གྱི་བརྟག་ཞིབ་དང་འཚམས་འདྲི་བྱེད་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཤིང་། རིམ་རྩིས་བརྒྱབ་ན། ཁེ་ལས་ལ་བསྐྱོད་ནས་ཞབས་འདེགས་ཐེངས་20ལྷག་ཙམ་ཞུས་པ་དང་། ཚན་རྩལ་གྱི་སྲིད་ཇུས་གསལ་འགྲེལ་ཚོགས་འདུ་ཐེངས་5འཚོགས་པ། ཞིབ་སྤེལ་གྱི་འཇོན་ཐང་ཆེ་ཞིང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི་ཁེ་ལས་40བདམས་ནས“རྣམ་གསུམ”ཁེ་ལས་ལ་ཕྱོགས་སྒྱུར་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར། མཐོ་གསར་ལག་རྩལ་གྱི་ཁེ་ལས་8དང་ཚན་རྩལ་རྣམ་པའི་ཁེ་ལས་21སྒྲིག་འཛུགས་བྱས་ནས་རེ་ཞུས་བྱས་ཏེ་རྩེར་སོན་ཁེ་ལས་ཆུང་གྲས་3ངོས་འཛིན་གཏན་འཁེལ་བྱས་ཡོད། ཁེ་ལས་ཀྱི་ཞིབ་སྤེལ་འགྲོ་གྲོན་སྣོན་འཕྲི་དང་ཞིབ་སྤེལ་བྱ་བར་མ་དངུལ་བཏང་རྗེས་ཀྱི་ཁ་གསབ་སོགས་ཀྱི་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་23ལ་སྒོར་དུང་ཕྱུར་2.5སྣོན་འཕྲི་དང་། ཁེ་ལས་ལ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་6252.62བཏང་བས་ཁེ་ལས་དང་ཚན་ཞིབ་སྒྲིག་གཞིས་ཞིབ་སྤེལ་ཐད་མ་འཇོག་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་སེམས་སྔར་བས་འཕེལ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།