དེང་རབས་ཚན་རྩལ་ལ་བརྟེན་ནས་ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་སྲུང་སྐྱོང་བྱེད་པ།
འདི་ནི་ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་མི་མེད་གནམ་གྲུས་བརྒྱབ་པའི་བརྙན་པར་ལ་ལྟ་བཞིན་པ།
འདི་ནི་ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པ་བསྟན་འཛིན་དབང་འདུས་ཀྱིས་ཕོ་བྲང་པོ་ཏ་ལའི་ཤིང་གི་གྲུབ་ཆའི་ཚོར་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།
ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བཞེངས་པ་དང་། དེ་ནི་ད་བར་བོད་དུ་ཉར་ཚགས་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕོ་བྲང་མཁར་རྫོང་རྣམ་པའི་གནའ་བོའི་སྐྲུན་དངོས་ཤིག་རེད། ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་འདི་སྲུང་སྐྱོང་ཡག་པོ་བྱ་ཆེད། ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་མི་མེད་གནམ་གྲུ་དང་3Dབཤར་འབེབས་ལག་རྩལ་སྤྱད་དེ། དེང་རབས་ཚན་རྩལ་གྱི་བྱ་ཐབས་བརྒྱུད། ཕོ་བྲང་པོ་ཏ་ལའི་སོ་ཕག་དང་རྫ་གཡམ་རེ་རེའི་ཆ་འཕྲིན་གནད་ལ་འཁེལ་པོས་ཟིན་ཐོར་བཀོད་པ་དང་ཉར་ཚགས་བྱས་ཏེ། ཕོ་བྲང་གི་བདེ་འཇགས་འགན་ལེན་བྱ་ཆེད་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད།