དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ལས། འགྲོ་སྐྱོད་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་མཛད་སྒོ་གཉེར་བ་རེད། ཡུལ་དངོས་སུ་གྲལ་སྟར་བསྒྲིགས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་20ལ་རིམ་སྤོར་ལག་རྩལ་གསར་པ་སྤྱད་པ་དང་། ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་རིགས་ཡིན་ཁར་བྱེད་ནུས་ཆ་ཚང་ཞིང་། རླངས་འཁོར་ནང་གི་ལྟ་ཞིབ་ཚད་ལེན་གྱི་ཉེན་གཏོང་མ་ལག་དང་གཞོགས་འདེགས་བཀག་གཏོང་མ་ལག་སོགས་ཡོད་པ་དང་། རྐང་སྟེགས་དམའ་པོའི་ཇུས་འགོད་བྱས་པས་གྲོང་མི་སྟབས་བདེ་པོ་བྱུང་ཡོད། དེའི་ནང་རླངས་འཁོར་10ལ་ད་དུང་རྐང་སྟེགས་དམའ་པོ་སོགས་ཀྱི་ཁྱད་ཆོས་ཡོད་ལ། རྐུབ་སྟེགས་འཁོར་ལོ་ཅན་ནས་འབབ་འཛེག་གི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།

    འཁོར་རྒྱུག་འགན་ལེན་བྱ་ཆེད། གྲོང་ཁྱེར་དེ་གའི་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་བབས་ཚུགས་དང་ཐག་རིང་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་ཀྱིས་གློག་སྡོང་48བཙུགས་པ་དང་སྤྱོད་དུ་འཇུག་གི་ཡོད། རླངས་འཁོར་གསར་པ་དེ་རིགས་ཀྱིས་གྲོང་མིར་སྟབས་བདེ་དང་། བདེ་འཇགས། སྐྱིད་སྣང་ལྡན་པ་བཅས་ཀྱི་འགྲོ་སྐྱོད་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།

    འདི་ནི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།