དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཉིང་ཁྲི་གྲོང་ཁྱེར་དུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་66.83ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས“ཡུལ་སྐོར་བ་ནགས་ཁྲོད་དུ་ཁྲིད་པ”སོགས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་སྐུལ་འདེད་གཏོང་བའི་བྱ་དགའ་སྤྲོད་པའི་བྱ་ཐབས་ལག་ལེན་བསྟར་བ་བརྒྱུད། ཉིང་ཁྲིའི་གྲགས་ཅན་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁང་བཙུགས་ནས། ཐོན་རྫས་རིགས་252“ཉིང་ཁྲིའི་གཡང”གི་ངོས་ནས་ཀོང་ཏུང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཉོ་ཚོང་ཁྲོམ་རའི་བོད་ལྗོངས་འགྲེམས་ཁང་དུ་འཚོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་2.31ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག “བདེ་སྐྱིད་ལྡན་པའི་ཉིང་ཁྲི། སྤྲོ་སྣང་ལྡན་པའི་འཚོ་བ”སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་སྒོར་དུང་ཕྱུར་2.63ཟིན་པར་སྐུལ་སྤེལ་བྱས་པ་དང་། “མཚན་མོའི་ཉོ་སྒྲུབ་དང་། མཚན་མོའི་ཐོན་རྫས། མཚན་མོའི་ཡུལ་སྐོར། མཚན་ལྗོངས་མྱོང་རོལ”བཅས་ལ་དམིགས་ཏེ། ཀོང་པོའི་ཁྲོམ་གཞུང་སོགས་ཀྱི་མཚན་ཁྲོམ་བཏོད་པས། ཡུལ་སྐོར་བ་མི་ཐེངས་ཁྲི་48.2ལ་སྣེ་ལེན་ཞུས་པར་འཛད་སྤྱོད་ཡོང་འབབ་སྒོར་ཁྲི་313བྱུང་ནས་མཚན་མོའི་དཔལ་འབྱོར་རྒྱུན་ཆད་མེད་པར་འཁྲུག་ཏུ་ཕྱིན་ཡོད་པ་རེད།

    ཐབས་ལམ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་ཉིང་ཁྲི་གྲོང་ཁྱེར་གྱིས“རྟེན་གཞི་དང་། མཉམ་ལས་ཁང་། དངུལ་རྩ། སྦྲག་ཐོག་བསྐུར་མ། དྲ་ཐོག་ཚོང་དོན་བཅས་ཟུང་དུ་འབྲེལ་བའི”ཞིང་ཕན་མཉམ་ལས་མཐུན་སྦྱོར་བྱ་ཐབས་གསར་སྤེལ་བྱས་ཤིང་། ད་ལོ་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཚོགས་ཏུན་110མྱུར་སྐྱེལ་བྱས་པར་རིན་ཐང་སྒོར་དུང་ཕྱུར་3.09ཟིན་པ་དང་། བོད་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྔོན་འཇོག་རིག་ནུས་མཛོད་ཐོག་མ་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྤྱོད་འགོ་ཚུགས་ནས། མཛོད་འཇུག་དངོས་རྫས་ཁྲི་323དང་རིན་ཐང་སྒོར་ཁྲི་2500ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།