འདི་ལོ་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གསར་འཕར་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་གསུམ་ལྷག་ཙམ་ཟིན་པ།
གསར་འཕར་གློག་འདོན་འཕྲུལ་འཁོར་ཡོངས་ནས་གློག་བཏང་བའི་བསྡོམས་འབོར་གྱི་85%ཡན་བཟུང་བ།
འདི་ནི་ཅང་སུའུ་ལན་ཡུན་ཀང་གྲོང་ཁྱེར་ཀན་ཡུས་ཆུས་ཀྱི་ཀྲའོ་ཝ་940ཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་རྒྱལ་གྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་སྲ་བརྟན་དང་མཐོ་རུ་ཕྱིན་ནས་ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་ཚད་80%ཡན་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གསར་འཕར་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3ལྷག་ཙམ་ཟིན་པ་དེས་གསར་འཕར་གློག་འདོན་འཕྲུལ་འཁོར་ཡོངས་ནས་གློག་བཏང་བའི་བསྡོམས་འབོར་གྱི་85%ཡན་བཟུང་ཡོད་པ་རེད།
མིག་སྔའི་བར། རྒྱལ་ཡོངས་ཀྱི་རླུང་གློག་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་5.1ཙམ་དང་། འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་8.4ཙམ་ཟིན་ནས་བེད་སྤྱོད་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཡོངས་ཀྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4.35ཙམ་ཟིན་པ་དང་། དེའི་ནང་ཆུ་འཐེན་ནུས་གསོག་ཆན་ཝ་ཁྲི་5700ཙམ་ཟིན་ཡོད་པ་རེད།