དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་གངས་འཁྱག་གི་ཞིང་ཁམས”སུ་དགུན་དུས་ཀྱི་སྤྲོ་སྣང་ལ་རོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་ཧའེ་ལིན་གྲོང་ཁྱེར་གྱི“ཀྲུང་གོའི་གངས་འཁྱག་གི་ཞིང་ཁམས”མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སུ་སླེབས་ཏེ་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཟིན་གྱི་ཡོད། མཛེས་ལྗོངས་ཁུལ་དུ་མཐོ་དམན་མི་གཅིག་པའི་ཤིང་ཁང་གི་ཐོག་ཁར་གངས་མཐུག་པོ་གསོག་སྟེ་ཐུན་མོང་མ་ཡིན་པའི་ཤ་མོའི་དབྱིབས་ཅན་གྱི་ཁང་པ་ལྟར་དུ་གྱུར་ཡོད་པས། ཡུལ་སྐོར་བ་ཚོས་འདི་གར་གངས་ལ་ལྟ་བ་དང་། པར་རྒྱག་པ། རྩེད་མོ་རྩེ་བ་བཅས་བྱས་ནས་བྱང་ཤར་གྱི་དམངས་སྲོལ་ཉམས་སུ་མྱངས་ཏེ་དགུན་དུས་ཀྱི་སྤྲོ་སྣང་ལ་རོལ་གྱི་ཡོད། འདི་ནི་ཟླ་12ཚེས་28ཉིན“ཀྲུང་གོའི་གངས་འཁྱག་གི་ཞིང་ཁམས”མཛེས་ལྗོངས་ཁུལ་གྱི་མཚན་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།