དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་མཚོ་དམག་གི་076རྟགས་ཅན་གྱི་གྲུ་གཟིངས་ཐོག་མ་ཆུར་འབེབས་པ་དང་མིང་འདོགས་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ས་ཆུ་གཉིས་བགྲོད་ཀྱི་འགོག་རྒོལ་གྲུ་གཟིངས་076པར“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་སི་ཁྲོན་གྲུ་གཟིངས”ཞེས་མིང་བཏགས་པ་དང་། གྲུ་རྟགས“51”ཡིན་པ་རེད། སི་ཁྲོན་གྲུ་གཟིངས་ནང་དངོས་ཟོག་བྱུར་བུར་བླུགས་དུས་ཆུ་འབུད་ཚད་ཏུན་ཁྲི་4ལྷག་ཙམ་ཟིན་པ་དང་། གྲུ་སྟེང་དུ་གླིང་གཉིས་རྣམ་པའི་བཟོ་བཀོད་དང་འཕྲེད་དུ་ཡུག་ལ་བཏིང་བའི་འཕུར་སྐྱོད་གྲུ་གཅལ་བཟོས་པ། གློག་ཁབ་ལེན་གྱི་འཕེན་གཏོང་དང་འགོག་ཐབས་ལག་རྩལ་གསར་པ་སྤྱད་ཡོད་པས། ཐད་འཕུར་གནམ་གྲུ་དང་ས་ཆུ་གཉིས་ཀྱི་སྒྲིག་ཆས་སོགས་བླུག་ཐུབ་ཀྱི་ཡོད་པ་དེ་ནི་མཚོ་དམག་གི་ས་ཆུ་གཉིས་བགྲོད་ཀྱི་འགོག་རྒོལ་གྲུ་གཟིངས་ཐོན་གསར་པ་ཞིག་ཡིན་ལ། མཚོ་དམག་གི་ཕྱོགས་སྒྱུར་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་སྒྲིག་ཆས་ཤིག་ཀྱང་རེད། གྲུ་གཟིངས་དེ་ཆུ་ཐོག་ཏུ་ཕབ་རྗེས་འཆར་གཞི་ལྟར་སྒྲིག་ཆས་སྙོམས་སྒྲིག་དང་། གྲུ་བཀག་ཚོད་ལྟ། མཚོ་འགྲུལ་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། འདི་ནི་ཟླ་12ཚེས་27ཉིན་གྱི་སྔ་དྲོར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ས་ཆུ་གཉིས་བགྲོད་ཀྱི་འགོག་རྒོལ་གྲུ་གཟིངས་076པའི་གྲུ་གཟིངས་ཐོག་མ་ཆུར་འབེབས་པ་དང་མིང་འདོགས་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།