དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཉེ་ཆར། ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པས། ཧྲང་ཧའེ་ཧུང་ཆའོ་ནས་ཧུའུ་ཀྲོའུ་བབས་ཚུགས་བར་མགྱོགས་ཤོས་ལ་སྐར་མ་55ཡི་ནང་འབྱོར་གྱི་ཡོད། ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲང་ཧའེ་གྲོང་ཁྱེར་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་ནས་ཐོན་ན། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་བརྒྱུད་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཧུའུ་ཀྲོའུ་བབས་ཚུགས་སུ་འབྱོར་གྱི་ཡོད། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་164ཟིན་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350འཆར་འགོད་བྱས་ཡོད། འདི་ནི་ཧུའུ་ཀྲོའུ་ནན་ཞུན་བབས་ཚུགས་ཀྱི་ཉེ་འགྲམ་ནས་སྐྱོད་བཞིན་པའི་མེ་འཁོར་ཡིན་པ།

    འདི་ནི་ཧྲང་ཧའེ་ཧུང་ཆའོ་ནས་ཀྲེ་ཅང་ཨན་ཅི་བར་གྱི་མེ་འཁོར་G9501ནང་སྡོད་མཁན་འགྲུལ་པས་འཁོར་སྒྲོམ་ནང་གཱ་ཐོ་བཀོད་ནས་དྲན་རྟེན་པར་རྒྱག་བཞིན་ཡོད་ཅིང་། མེ་འཁོར་དེ་ནི་ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པའི་ཉིན་དང་པོར“འབྲི་ཆུའི་ཟུར་གསུམ་གླིང་ལ་ཡུལ་སྐོར་བྱེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་བོའི་གྲོང་རྡལ་གྱི་རྣམ་པར་ལྟ”ཞེས་པའི་སྤུས་རྟགས་ཡུལ་སྐོར་མེ་འཁོར་ཐོག་མ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།