དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཚེས་27ཉིན། ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་བཀོད་སྒྲིག་གཞིར་བཟུང་། ཉམས་མྱོང་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་ཡོན་འཕེལ་རྒྱས་གཏོང་བའི“འབྱུང་ཁུངས་འདུ་འགོད”འདི་ལག་བསྟར་ཡག་པོ་བྱས་ཏེ་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་ཚང་མ་སྔོན་ཐོན་པ་ཡིན་པར་འགན་ལེན་བྱེད་དགོས། དགོངས་གཞི་ནན་པོ་མཐའ་འཁྱོངས་བྱས་ནས་ཏང་ཡོན་གྱི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་ཡོན་ཚང་མ་ཏང་རྩ་འཛུགས་ཀྱི་ནུས་ལྡན་གྱི་དོ་དམ་ནང་འཇུག་དགོས། ལས་ཐོག་དང་ལས་བྲལ་དང་། དྲ་ཐོག་དང་དྲ་ཕྱི། རྒྱུན་གཏན་དང་འཐབ་དུས་བཅས་ཁྱོན་ཡོངས་ལ་ཁྱབ་པའི་ཏང་ཡོན་གྱི་ནུས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ཡོན་ལ་ལས་དོན་ཏན་ཏིག་སྒྲུབ་པ་དང་མདུན་གྲལ་དུ་བསྐྱོད་པར་ཁྲིད་སྟོན་བྱེད་དགོས། ཏང་ནང་ཁུལ་གྱི་སྐུལ་ལྕག་དང་སེམས་ཁུར་རོགས་སྐྱོར་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།