དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣས་ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཚེས་27ཉིན། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣས་ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་མི་སྣར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས་བཅས་ཚོགས་འདུར་ཞུགས་ཡོད།

    ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་རང་ལྗོངས་ཀྱི་ཆོས་ཕྱོགས་ལས་རིགས་མི་སྣས་ཕན་ཚུན་མཇལ་དར་སྒྲོན་རེས་དང་སྨོན་འདུན་ཞུ་རེས་གནང་ནས་མཉམ་དུ་མཛའ་བརྩེ་ལྷུག་གླེང་དང་ལོ་གསར་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།