དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་རིག་རྩལ་ལྷན་ཚོགས་ཁོངས་གཏོགས་ཀྱི་རིག་རྩལ་མཁས་ཅན་མཐུན་ཚོགས་དགུའི་འཐུས་མི་ཚོགས་ཆེན་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཉེ་ཆར། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཁོངས་གཏོགས་ཀྱི་རིག་རྩལ་མཁས་ཅན་མཐུན་ཚོགས་དགུའི་འཐུས་མི་ཚོགས་ཆེན་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་སྐབས་བརྗེའི་ལས་དོན་གྱི་སྐུལ་སློང་ཚོགས་འདུ་དང་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པར་ཞུགས་པ་རེད།

    ཚོགས་འདུའི་ཐོག་འདེམས་བསྐོ་བྱས་པ་བརྒྱུད། ཚེ་རིང་ནོར་བུ་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། སྤེན་པ་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། དཔལ་ལྡན་དབང་ཕྱུག་བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ལི་སེན་བོད་ལྗོངས་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་སྐབས་ལྔ་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། རྡོ་རྗེ་གྲགས་པ་བོད་ལྗོངས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། སྨོན་ལམ་རྡོ་རྗེ་བོད་ལྗོངས་རོལ་དབྱངས་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ལྷག་པ་ཚེ་རིང་བོད་ལྗོངས་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། བཀྲ་ཤིས་ནོར་བུ་བོད་ལྗོངས་པར་ལེན་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཟླ་བ་ལྷ་མོ་བོད་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།