དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡེ་ཁུལ་གྱི་སྣེ་ཁྲིད་པ་ཡག་པོ་དང་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་པ།

    —— རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”ཀྲུའུ་ཀང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཝ་པ་གླིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་ཀྲུའུ་ཀང་གིས་ཉིན་ལྟར་ཞོགས་པ་སྒྲུབ་པའི་ལས་ཀ་དང་པོ་དེ་ནི་སྡེ་ཁུལ་དུ་བསྐྱོད་ནས་སྡེ་ཁུལ་གྱི་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་མང་ཚོགས་ཀྱི་རེ་འདུན་ཉན་རྒྱུ་དེ་རེད། “གང་དུ་དཀའ་ངལ་ཡོད་ན་དེ་གར་ཧྲུའུ་ཅི་ཀྲུའུ་ལགས་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད” དེ་ནི་སྡེ་ཁུལ་གྱི་གྲོང་མིས་ཁོང་གི་ལས་ཀར་བབ་ཆགས་ཤོས་ཀྱིས་གདེང་འཇོག་བྱས་པ་ཞིག་རེད།

    ཀྲུའུ་ཀང་ནི་སི་ཁྲོན་ཧྲོང་ལིའུ་ནས་ཡིན་པ་དང་། བོད་དུ་ལས་ཀ་བྱས་ནས་ལོ་26འགྲོ་གི་ཡོད། ད་ལྟ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའི་ཏང་ཙུའི་ཁོངས་མི་དང་། ཁྲུའུ་ཀྲང་གཞོན་པ། ཝ་པ་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་བཅས་རེད། ཝ་པ་གླིང་སྡེ་ཁུལ་དུ་ལས་ཀ་བྱས་ཚུན་ཀྲུའུ་ཀང་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཚམས་འདྲི་སྐོར་ཞིབ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་གྱི་མང་ཚོགས་མི་རེ་ངོ་རེའི་སར་བསྐྱོད་དེ་ཡུལ་བབ་དམངས་འདུན་ཤེས་རྟོགས་དང་འགལ་ཟླ་དང་རྩོད་གཞི་སེལ་གྱི་ཡོད་ལ། དུས་རྒྱུན་ཁོང་གི་བྲེལ་འཚུབ་ཀྱི་གཟུགས་བརྙན་སྡེ་ཁུལ་གྱི་གང་སར་མཐོང་རྒྱུ་ཡོད།

    དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ནས་མང་ཚོགས་ཀྱི“སྙིང་ཉེ་བ”ཡག་པོ་ཞིག་བྱེད་པ།

    “གློག་སྒྲོན་ཞིག་དང་གློག་སྡོང་ཞིག་ནི་སྤྱིར་ན་དོན་ཆུང་ཞིག་ཡིན་རུང་དེ་དག་ཚང་མ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད། གཅུས་གཟེར་རེ་རེ་བཞིན་ལེགས་པར་སྒྲིམ་ཚེ་སྡེ་ཁུལ་བཅོས་སྐྱོང་གི་འཕྲུལ་ཆས་ཆེན་པོ་གཞི་ནས་འཁོར་སྐྱོད་བྱེད་ཐུབ”ཅེས་ཀྲུའུ་ཀང་གིས་རྒྱུན་དུ་ཤོད་ཀྱི་ཡོད། སྡེ་ཁུལ་གྱི་སྤྱི་པའི་བར་མཐོངས་གུ་དོག་པ་དང་རླངས་འཁོར་འཇོག་དཀའ་བའི་གནས་ཚུལ་དངོས་ལ་དམིགས་ཏེ། ཀྲུའུ་ཀང་གིས་སྡེ་ཁུལ་གྱི་ལས་དོན་པ་དང་མཉམ་དུ་དམངས་འདོད་བརྟག་དཔྱད་དང་། གྲོང་མིའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་ཐབས་ལམ་བརྒྱུད། མང་ཚོགས་ཀྱི་བསམ་འཆར་བསྡུས་པ་རེད། འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། རླངས་འཁོར་འཇོག་ས་བསྐྲུན་པ་དང་། གློག་སྒུལ་སྒོ་བསྒར་བ། སྤྱི་བསྒྲགས་སྒྲོམ་དང་ཨར་འདམ་ལམ་འདིང་བ་སོགས་བྱས་ནས། རླངས་འཁོར་འཇོག་ས་390བསྐྲུན་པར། གྲོང་མི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་དེ་བས་ཆེ་རུ་ཕྱིན་ཡོད།

    སྡེ་ཁུལ་གྱི་སྣེ་ཁྲིད་པ་ཡག་པོ་དང་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་པ།

    དུས་ཆེན་དང་ངལ་གསོའི་དུས་ཚོད། ཡང་ན་དགུན་ཨ་རང་ད་རང་་སོགས་ག་དུས་ཡིན་རུང་། ཁོང་གིས་རང་འགུལ་ངང་ཁྲོམ་གཞུང་དུ་བསྐྱོད་དེ། ཚོང་པ་ཉི་ཚེ་བར་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། སྲང་ལམ་དུ་སྡེ་ཁུལ་གྱིས་བཙུགས་པའི་དང་བླངས་ཞབས་ཞུའི་རུ་ཁག་ལྔས་དུས་ངེས་མེད་དུ་དང་བླངས་སྐོར་གཡེང་བྱས་ཏེ། འབྲེལ་ཡོད་ཁྲིམས་སྒྱུར་ཚན་པ་དང་དེ་བཞིན་སྡེ་ཁུལ་གྱི་སྡེ་ལས་དང་མཉམ་དུ་གཞི་རིམ་གྱི་འཐབ་ས་དང་པོའི་སྔོན་འགོག་དང་ཚོད་འཛིན་དྲ་བ་མཉམ་དུ་ཚགས་དམ་དུ་བཏང་བ་དང་། ཐང་སྟོང་དུ་འཚོགས་པའི་གཞུང་དོན་གྲོས་མོལ་ཚོགས་འདུར་ཁོང་གིས་ཚང་མ་དང་མཉམ་དུ་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་མ་དངུལ་གྲབས་གསོག་དང་། ས་ཆའི་ལག་ཁྱེར་གཉེར་བ། ཉི་ནུས་གློག་སྒྲོན་རིམ་སྤོར་སོགས་ཀྱི་ལས་དོན་ལ་གྲོས་མོལ་བྱས་པ་དང་། ཇ་ཁང་ནང་སྡེ་ཁུལ་གྱི“ཀུན་ཕན་དྲིལ་བསྒྲགས་ཡན་ལག་རུ་ཁག”གིས་མང་ཚོགས་དང་ངོ་གཏུག་གདོང་འཕྲད་ཀྱིས་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་སོགས་གྲོང་མི་མང་ཚོགས་ཚོར་བརྗོད་དེ། ཏང་གི་དམངས་ཕན་དམངས་བདེའི་སྲིད་ཇུས་དང་ཏང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།

    བདེ་སྲུང་བ་ཡག་པོ་ཞིག་བྱས་ནས་བདེ་འཇགས་ཀྱི“སྒོ་མོ”བརྟན་པོར་བསྲུངས་པ།

    སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། སྡེ་ཁུལ་གྱི་བདེ་འཇགས་ཀྱང་གནས་བབ་གལ་ཆེན་ཐོག་འཇོག་དགོས་ཀྱི་ཡོད། སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་7ལྷག་ཙམ་སོང་རིང་། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། ཀྲུའུ་ཀང་གིས་ཉིན་མོ་དུད་ཚང་མི་རེ་ངོ་རེར་གཤེར་རླངས་ཀྱི་ལྟེམ་སྒོ་དང་སྦུག་ལམ་ལ་ཞིབ་བཤེར་བྱེད་པ་དང་མཚན་མོ་བོགས་གཏོང་ཁང་པར་གཙང་བཤེར་བྱེད་པར་སྐྱོད་ཀྱི་ཡོད། སྡེ་ཁུལ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་ཆེད། ཁོང་གིས་རྟག་ཏུ་ལས་དུས་འཕར་མ་བྱས་ནས། ཏང་འཛུགས་སྐྱོང་གི་སྤུས་རྟགས་ཇུས་འགོད་དང་ཁྱད་ལྡན་བཀྲག་མདངས་འཚེར་ས་གནད་འཁེལ་འཚོལ་བར་བསམ་གཞིག་བྱེད་ཀྱི་ཡོད།

    སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡིན་པའི་ཀྲུའུ་ཀང་གིས་དུས་ཚིགས་རེར་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་བྱེད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་དུད་ཚང་གི་འཚོ་བའི་གནས་ཚུལ་ལ་སེམས་ཁུར་བྱས་ཏེ། འབྲས་དང་གྲོ་ཞིབ་དང་ཟས་སྣུམ་སོགས་འཚམས་འདྲིའི་དངོས་པོ་སྐྱེལ་གྱི་ཡོད་པ་རེད།

    ལོ་མང་རིང་། ཁོང་གིས་ཕན་བདེ་ཁང་གི་བྱིས་པའི་བསམ་འདུན་ཆུང་ངུ་དང་ལེན་ཧུར་ཐག་བྱས་ནས། བྱིས་པ་ཚོའི་བསམ་འདུན་མངོན་འགྱུར་བྱེད་རོགས་བྱས་པ་དང་། ས་གནས་ས་ཐོག་ཏུ་བསྐྱོད་དེ། ཁྱིམ་མཚེས་གཡས་གཡོན་གྱི་བསམ་འཆར་བསྡུ་ལེན་དང་མང་ཚོགས་ཀྱི་རེ་འདུན་ངང་རྒྱུད་རིང་པོས་ཉན་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་ས་ཚིགས་བཏོད་དེ། འགལ་བ་དང་རྩོད་གཞི་འདུམ་འགྲིག་བཅས་བྱས་པར། ཁོང་མང་ཚོགས་ཀྱི་སེམས་ནང་གི་བརྟེན་ས་ལྟ་བུར་གྱུར་ཡོད། ཀྲུའུ་ཀང་གི་སྣེ་ཁྲིད་དང་སྡེ་ཁུལ་ལས་དོན་པའི་ཐུན་མོང་འབད་བརྩོན་འོག སྔགས་པ་གླིང་སྡེ་ཁུལ་ལ“2023ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཀྲུའུ་ཀང་ལ་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།