དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་རིས་བསྐོར་བའི་རྟ་དམག་གྲོང་གསར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-29

    འདི་ནི་ད་ལྟའི་རྟ་དམག་གྲོང་གསར་གྱི་རྣམ་པ་ཡིན་པ།

    འདི་ནི་ཕྲུ་གུ་ཚོ་རྩེད་འཇོར་རོལ་བཞིན་པ།

    འདི་ནི་བུད་མེད་གཅིག་གིས་རང་ཁྱིམ་གྱི་ཚོང་ཁང་ནང་ཚོང་ཟོག་སྒྲིག་བཞིན་པ།

    འདི་ནི་རྟ་དམག་གྲོང་གསར་གྱི་རྣམ་པ་ཡིན་པ།

    འདི་ནི་ཕྲུ་གུ་དང་རྒན་རྒོན་ཉི་མ་སྲོ་བཞིན་པ།

    འདི་ནི་བུད་མེད་གཅིག་གིས་ཕྲུ་གུར་གོམ་པ་རྒྱག་སྟངས་སློབ་བཞིན་པ།

    པར་གོང་མ་ནི་2005ལོར་པར་བརྒྱབ་པའི་རྟ་དམག་གྲོང་གསར་ཡིན་པ། པར་འོག་མ་ནི་2024ལོའི་ཟླ་12ཚེས་15ཉིན་པར་བརྒྱབ་པའི་རྟ་དམག་གྲོང་གསར་ཡིན་པ།

    འདི་ནི་བུད་མེད་གཉིས་རང་ཁྱིམ་གྱི་སྒོ་རྩར་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    རྟ་དམག་གྲོང་གསར་ནི་བོད་ལྗོངས་གཞིས་རྩེའི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་གནས་པ་དང་ཀྲུང་གོ་དང་ནེ་པ་ལའི་ས་མཚམས་དབར་སྤྱི་ལེ་30ལས་མེད་པས། རང་རྒྱལ་གྱི་རྟ་དམག་བ་འདུས་སྡོད་ཁུལ་གཅིག་པུ་དེ་ཡིན། ཉེ་བའི་ལོ་ཤས་རིང་། རྟ་དམག་གྲོང་གསར་གྱི་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་སྒྱུར་བཀོད་བྱས་རྗེས་བཀོད་པ་ལེགས་སུ་ཕྱིན་ནས་སྡོད་གནས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ཡག་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་གསར་པ་དེས་ཁྱིམ་ཚང་མགྲོན་ཁང་གི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། མང་ཚོགས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་2000ཡན་འཕར་བཟོ་ཡོད་པས། གངས་རིས་བསྐོར་བའི་རྟ་དམག་གྲོང་གསར་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།