དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྷོ་ཆུ”པེ་ཅིང་དུ་དྲངས་པས་པེ་ཅིང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-29

    2024ལོའི་ཟླ་12ཚེས་27ཉིན་ནི“ལྷོ་ཆུ”པེ་ཅིང་དུ་དྲངས་ནས་ལོ་བཅུ་འཁོར་བའི་ཉིན་མོ་རེད། རིམ་རྩིས་བརྒྱབ་ན། ལོ་10ཡི་རིང་པེ་ཅིང་གིས“ལྷོ་ཆུ”དྲངས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་106ལྷག་ཙམ་ཟིན་པ་དེས་གྲོང་ཁྱེར་ཡོངས་སུ་ཐད་ཀར་ཕན་པ་འཐོབ་མཁན་གྱི་མི་འབོར་ཁྲི་1600ཟིན་ནས་རྒྱལ་སའི་ཆུའི་ཐོན་ཁུངས་མཁོ་སྤྲོད་དང་དགོས་མཁོའི་འགལ་བ་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་ཀླུང་ཐང་ཁུལ་གྱི་ས་འོག་གི་ཆུ་ཁ་རིམ་རྩིས་བརྒྱབ་ན་2015ལོ་ལས་སྨི་13.39མཐོ་རུ་ཕྱིན་ནས་པེ་ཅིང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

    དེ་ནི་གསར་འགོད་པར་ཉིན་དེར་འཚོགས་པའི་ལྷོ་ཆུ་བྱང་འདྲེན་དཀྱིལ་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭའི་ལྷོ་ཆུ་པེ་ཅིང་དུ་དྲངས་ནས་ལོ་བཅུ་འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།

    པེ་ཅིང་གྲོང་ཁྱེར་ཆུ་དོན་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལིའུ་སུང་པོས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་10ཡི་རིང་པེ་ཅིང་གིས“ལྷོ་ཆུའི”ཁྱབ་རྒྱ་ཆེ་རུ་ཟམ་མི་ཆད་པར་བཏང་ནས་ཀུའོ་ཀུང་ཀྲོང་དང་། དབྱི་ཀྲོང་། ཧྲི་ཅིན་ཧྲན་སོགས་ལེ་ལག་ཚང་བའི་ཆུའི་བཟོ་གྲྭ་16བསྐྲུན་པས་ཉིན་རེར་ཆུ་འདྲེན་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་500ཙམ་བར་ཆེ་རུ་ཕྱིན་ནས་ལྟེ་བའི་གྲོང་ཁུལ་གྱི་ཆུ་མཁོ་འདོན་གྱི་བདེ་འཇགས་བཏགས་གྲངས་1.0ནས་1.3བར་མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།