དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཕྱོགས་མང་པོ་ནས་ཤུགས་བརྒྱབ་སྟེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-28

    ཚེས་26ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་གཙོ་འགན་གཙོ་ལས་ལ་དམིགས་ཏེ་ཐུན་མོང་ཐོག་རང་འགན་གཙང་སྒྲུབ་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    གསར་འགྱུར་མགྲིན་ཚབ་པ་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཁོའོ་ལེ་ཡིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཏང་ཨུད་ཀྱིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱེད་པའི་འགན་ནུས་གང་ལེགས་བཏོན་ཏེ《ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་འགའ་ཞིག》བཟོས་ཤིང་། 2023ལོ་ཚུན་དུ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་གསུམ་འཚོགས་པ་དང་།རིགས་ཁག་གི་ཁྲོམ་རའི་བྱེད་པོའི་འཐུས་མི་མི་ཐེངས་50ལྷག་ཙམ་གདན་དྲངས་པ། གནད་དོན་དང་གྲོས་འགོ་120ལྷག་ཙམ་བསྡུ་རུབ་བྱས་པ་མ་ཟད། ད་དུང་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་བདག་སྤྲོད་བྱེད་པའི་སྤུས་ནུས་དེ་ཁྲིམས་སྒྱུར་དང་ཁྲིམས་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གཙོ་བོར་བརྩིས་ཏེ། ལོ་གཉིས་བསྟུད་མར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་ལག་བསྟར་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ཐབས་མང་མཉམ་སྤྱོད་བྱས་ནས། ན་ནིང《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་ལག་བསྟར་བསམ་འཆར》བཏོན་པའི་རྨང་གཞིའི་ཐོག་ལམ་ལུགས་གལ་ཆེན་ཁག་བཞི་བསྟུད་མར་བཏོན་པར་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལམ་སྲོལ་ཁག་བརྒྱད་གྲུབ་ཡོད། ད་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ད་དུང་སྤྱི་བདེ་དང་། སྡོད་ཁང་འཛུགས་སྐྲུན། མི་སྤྱི། ཁྲོམ་ར་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་དང“གནས་གཏད་གནས”ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང“སྣོལ་སྦྲེལ་ལག་བསྟར”དང“ལག་བསྟར་མཚམས་འཇོག་གྱོད་གཞི་བསྐྱར་བཤེར་ལག་བསྟར”སོགས་གཙོ་གནད་ལས་དོན་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ལག་བསྟར་གྱོད་སྒྲུབ་ཐད་དམ་འཛིན་ནན་པོ་བྱས་པས། ལག་བསྟར་ལེགས་སྒྲུབ་བྱུང་ཚད་སོགས་སྟོན་གྲངས་གཙོ་བོ་ཚང་མ་ཆེས་མཐོའི་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་ལུགས་མཐུན་ཁྱབ་ཁོངས་ཀྱི་གྲངས་ཐང་ལས་མཐོ་བ་ཡོད་པ་རེད།

    རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་གང་ལེགས་བཏོན་ནས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་དང་དམངས་དོན་གཏུག་བཤེར་རྫུན་མར་ལྟ་སྐུལ་བྱས་ཤིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རིམ་རྩིས་བརྒྱབ་ན། རིགས་ཁག་གི་དཔལ་འབྱོར་ཉེས་གསོག་གྱོད་གཞི་177དང་མི་260ཞུ་གཏུག་བྱས་པ་དང་། དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེས་དོན་གཏུག་བཤེར་གྱི“གྱོད་སྒྲུབ་མཚམས་འཇོག”གཙང་བཤེར་བྱས་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་88བདག་སྤྲོད་བྱས་པ། “རི་བོ་ཆེའི་འབྲི་གཡག”གི་ས་གཤིས་མཚོན་རྟགས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་བདག་སྤྲོད་བྱས་པ། “ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་བ་དང་། དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་སྔོན་འགོག་དང་ཁྲིམས་འགལ་མ་དངུལ་བསྡུ་རུབ་སྔོན་འགོག་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་150ལྷག་ཙམ་སྤེལ་བ་བཅས་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཁྲིམས་སྒྱུར་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ་དང་། ཉེས་གསོག་ལ་རྡུང་རྡེག་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་པ་དང་ཁྲིམས་སྒྱུར་ཆ་འཕྲིན་ཅན་གྱི་དངོས་འཐབ་ནང་སྤྱོད་རྒྱུ་གཏིང་ཟབ་ཏུ་བཏང་བས། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་གྱོད་སྒྲུབ་མ་ལག་གཅིག་གྱུར་བྱུང་ཡོད། ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་། གློག་འཕྲིན་ཁ་བསླུས་རྒྱག་པ། ཤེས་བྱའི་བདག་དབང་ལ་བཙན་གནོད་བཟོ་བ། ཚོང་ཟོག་རྫུན་ལྷད་ཅན་བཟོས་ནས་བཙོངས་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་བཏང་ཞིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་སུ་དཔལ་འབྱོར་ཉེས་གསོག་གྱོད་གཞི་141མྱུལ་ཞིབ་རྩད་གཅོད་བྱས་ནས་དཔལ་འབྱོར་གྱོང་གུན་སྒོར་ཁྲི་9571.47གསབ་ཐུབ་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཁྲིམས་ལྟར་སྲིད་འཛིན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་ཡོད། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་གཏིང་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱིས་ཁྲིམས་སྐྱོང་མངགས་ཐོ་བཀོད་པ་དང་། འགན་ནུས་སྡེ་ཚན་གྱིས་མངགས་ཐོ་དང་ལེན་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་མངགས་ཐོར་ལྟ་སྐུལ་བྱེད་པ་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྟངས་བཟོས་པ་དང་། བཅའ་ཁྲིམས་ཞབས་ཞུ་ལེགས་སུ་བཏང་ནས་ཁྲིམས་རྩོད་ལས་དོན་ཁང་75ཡི་ཁྲིམས་རྩོད་པ་151དང་དམངས་གཉེར་ཁེ་ལས་200དབར་ལ་རོགས་སྐྱོར་ལམ་སྲོལ་བཙུགས་པ། དམངས་གཉེར་ཁེ་ལས་ཀྱི་དམངས་དོན་དང་ཚོང་དོན་གྱི“མྱུར་གཅོད་ཚོགས་པ”བཙུགས་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་ཤར་གཏོང་བགྲོད་ལམ་བཙུགས་པ། “ཁྲིམས་སྐྱོང་ཞིབ་བཤེར”ཐེངས་150ལྷག་ཙམ་སྤེལ་བར་དམངས་གཉེར་ཁེ་ལས་800ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།