ལྷོ་བྲག་རྫོང་གིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་གཉེར་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས“སྦས་ལུང་ལྷོ་བྲག་བཟོ་བོའི་སྙིང་སྟོབས་སྤེལ། རྩལ་ནུས་འགྲན་ནས་ཁྱད་འཕགས་ཉམས་བཟང་ངོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་བདེ་བླག་གཉེར་བ་རེད།
འགྲན་བསྡུར་ནང་འགྲུལ་ཁང་གི་ཞབས་ཞུ་དང་། གཡོས་སྦྱོར། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསལ་འགྲེལ་བཅས་འགྲན་བསྡུར་རྣམ་གྲངས་ཁག་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་བསྡུར་མ་བྱས་གོང་། འདེམས་སྒྲུག་བྱས་པ་བརྒྱུད། ཕུལ་བྱུང་བདམས་ཐོན་པ་30གཟེངས་སུ་ཐོན་ནས་ས་གནས་ས་ཐོག་གི་རྩལ་འགྲན་ནང་ཞུགས་ཡོད།
འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། འགྲན་བསྡུར་གྱི་རྣམ་གྲངས་སོ་སོ་ནས་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་3དང་། ཕུལ་བྱུང་བྱ་དགའ་འགའ་ཞིག་བཅས་སོ་སོར་དཔྱད་འདེམས་བྱུང་ཞིང་། ལྷོ་བྲག་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོས་ལྷོ་བྲག་རྫོང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་ལ། ས་གནས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་དེ་བས་ཡིན་པས། འགྲན་བསྡུར་ཆེན་པོ་བདེ་བླག་གཉེར་བ་ལས་ལྷོ་བྲག་རྫོང་གི་ལས་རིགས་རྩལ་ནུས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ཅེས་བཤད།