ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས།
རྨང་བརྟན་དམངས་ཕན་གྱི་འགྲོ་གྲོན་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།
འདི་ནི་ཚ་བ་རོང་ཤང་ཨ་བན་གྲོང་ཚོའི་བཙོག་ཆུ་འབུད་པའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།
འདི་ནི་ཚ་བ་རོང་ཤང་སྟེང་ཤོད་གྲོང་ཚོའི་འཐུང་ཆུའི་འདུ་འགོད་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།
འདི་ནི་ཚ་བ་རོང་ཤང་གིས་གྲོང་སྡོད་ལས་དོན་གྱི་བརྙན་ལམ་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་འགྲོ་གྲོན་སྐོར་གྱི་ལས་དོན་བཀོད་སྒྲིག་བྱེད་བཞིན་པ།
ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཡག་པོ་ཐོན་ནས“མ་དངུལ་རྩིས་ཁྲར་ལུས་པ”དང“དངུལ་གྱིས་རྣམ་གྲངས་སྒུག་པ”སོགས་ཀྱི་སྣང་ཚུལ་མ་ཐོན་སྔོན་འགོག་བྱ་ཆེད། ད་ལོ་ཚུན་དུ། རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱོད་པ་བཅས་བྱས་ནས་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་བེད་སྤོད་གཏོང་ཚད་མགྱོགས་སུ་བཏང་སྟེ་འགྲོ་གྲོན་མགྱོགས་མྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།
ལམ་སྲོལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་གྲོན་བེད་སྤྱོད་གཏོང་ཚད་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང་། ཚ་བ་རོང་ཤང་གིས་འགྲོ་གྲོན་བེད་སྤྱོད་གཏོང་ཚད་མགྱོགས་སུ་གཏོང་རྒྱུ་དེ་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། སྔ་རྗེས་སུ་འགྲོ་གྲོན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་ཐེངས་3འཚོགས་ནས་འགྲོ་གྲོན་དུས་ཐོག་ཏུ་བཏང་མེད་པའི་གྲོང་སྡོད་ལས་དོན་རུ་ཁག་སྐོང་འདྲི་བྱས་ཏེ། འགྲོ་གྲོན་གཏོང་འགོར་བའི་རྒྱུ་རྐྱེན་དང་དེ་བཞིན་གོམ་སྟབས་རྗེས་མའི་འཆར་གཞི་ཤེས་རྟོགས་ཞིབ་ཕྲ་བྱས་ནས་དུས་ཐོག་ཏུ་ཁ་གཏད་བཅག་སྟེ་འགྲོ་གྲོན་གཏོང་རིང་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།
བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་འགྲོ་གྲོན་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀར་སྐུལ་འདེད་བཏང་ཞིང་། ཚ་བ་རོང་ཤང་གིས་ཐོག་མཐའ་བར་གསུམ་དུ་ལོ་འཁོར་འགྲོ་གྲོན་གྱི་སྤྱིའི་དམིགས་ཚད་ལ་དམིགས་ཏེ་འགྲོ་གྲོན་གཏོང་མགྱོགས་སུ་གཏོང་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ཡག་པོ་དང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དུས་ངེས་མེད་ནང་ཤང་ཡོངས་ཀྱི་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་གཏོང་ཚུལ་ལ་གསེད་བཀྲོལ་ཕྱོགས་སྡོམ་དང་འབྲེལ་གྲོང་སྡོད་ལས་དོན་རུ་ཁག་ཁག་ལ་དུས་ཐོག་ཏུ་ཚུར་ལན་སྤྲད་ཡོད་པ་རེད།
གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་གཏོང་བར་ལྡོག་སྐུལ་བྱེད་མགྱོགས་སུ་བཏང་ཞིང་། རྨང་བརྟན་དམངས་ཕན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགྲོ་གྲོན་གྱི་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་ཆེད། རྗེས་ལུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ལ་སྐུལ་འདེད་བཏང་སྟེ་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་བཏོན་ནས་རྣམ་གྲངས་ལག་བསྟར་ཧུར་ཐག་དང་འགྲོ་གྲོན་གཏོང་ཚད་མགྱོགས་སུ་བཏང་སྟེ་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་གཏོང་བའི་འཕེལ་རིམ་སྐོར་གྱི“གཟི་བརྗིད་མིང་བྱང་དང་མིང་ཐོ་ནག་པོ”བཟོས་ཡོད།
རྣམ་གྲངས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་གྲོན་ཁྱབ་ཁོངས་ཀྱི་སྒྲོམ་གཞི་བཀོད་སྒྲིག་བྱས་ཤིང་། ཚ་བ་རོང་ཤང་གིས་མ་དངུལ་སྣ་ཚོགས་སྤྱི་འདོམས་བསྡུ་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ་དེ་འགྲོ་གྲོན་གྱི་གཙོ་གནད་དུ་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་ལ་སྔ་སྣུར་དུ་རྣམ་གྲངས་ཇུས་འགོད་དང་། རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་བ། སྤུས་ཚད་མཐོ་པོས་རྣམ་གྲངས་གྲབས་གསོག་བཅས་ལ་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་བྱས་ཏེ་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་གྱི་དམངས་འཚོའི་རྣམ་གྲངས་མཛོད་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔའི་བར། ཚ་བ་རོང་ཤང་གིས་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་ནས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་68ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་བ་དང་མང་ཚོགས་5000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་20ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ལས་རིམ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་གྲོན་གྱི་ཕན་འབྲས་ཆེ་རུ་བཏང་ཞིང་། ཚ་བ་རོང་ཤང་གིས་ལས་རིམ་དོ་དམ་ལེགས་སུ་གཏོང་རྒྱུ་དེ་འགྲོ་གྲོན་གཏོང་ཚད་མགྱོགས་སུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ། ཤང་གྲོང་སྡོད་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་རྣམ་གྲངས་གཞུང་ལས་ཁང་དང་ནོར་དོན་ཁང་དང་མཉམ་དུ་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་འཛུགས་པ་ནས་ལག་བསྟར་བྱེད་པའི་བར་དང་དེ་རྗེས་ཀྱི་རྩིས་ཞུའི་བར་གྱི་ལྷུ་ཚིགས་ཚང་མར་ཕྱོགས་ཡོངས་ནས་གསེད་བཀྲོལ་ཞིབ་ཚགས་བྱས་ཏེ་འགྲོ་གྲོན་གྱི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པའི་གོ་རིམ་མེད་པར་བཟོས་ཏེ་འགྲོ་གྲོན་གྱི་ཚད་ལྡན་རང་བཞིན་དང་། བདེ་འཇགས་རང་བཞིན། ཕན་འབྲས་རང་བཞིན་བཅས་འགན་ལེན་བྱས་པ་རེད། མིག་སྔའི་བར། ཚ་བ་རོང་ཤང་ལ་རྨང་བརྟན་དམངས་ཕན་ལས་དོན་གྱི་ཤང་དང་གྲོང་རྡལ་གྱི་སྤྱི་འདོམས་མ་དངུལ་སྒོར་ཁྲི་369.6འབྱོར་ནས་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་265.8ཟིན་པ་དང་འགྲོ་གྲོན་གཏོང་ཚད་72%ཟིན་ནས་གྲོང་སྡོད་ལས་དོན་གྱི་འགྲོ་གྲོན་གཏོང་ཚད་ཀྱི་བླང་བྱ་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་རེད།