ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷང་ག་ལའི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ།
ཚེས་24ཉིན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷང་ག་ལའི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ཕ་ཏེ་མ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ཀྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་དངོས་སུ་འཁོར་སྐྱོད་བྱས་པ་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ས་གནས་དེ་གའི་མི་རྣམས་ཀྱིས“ཕུགས་འདུན་གྱི་ལམ་བུ”ཞེས་འབོད་པའི་ལྕགས་ལམ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་170ལྷག་ཙམ་ཡོད་པ་རེད། མེ་འཁོར་ཤར་གཏོང་ཐུབ་རྗེས་རྒྱལ་ས་ཏ་ཁ་ནས་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཅེ་སོར་བར་གྱི་འགྲོ་སྐྱོད་དུས་ཚོད་དེ་སྔའི་ཆུ་ཚོད་10ནས་ཆུ་ཚོད་3བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།