དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་འཚོའི་ བདེ་རྩ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

    ལོ་གསུམ་རིང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་590བདག་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-27

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་དང་ཞིབ་དཔྱོད་ཀྱི་དོན་དངོས་ལ་གཞི་འཛུཌ་པ་དང་། མཐལ་ཕྱིན་པའི་ལྟ་སྐུལ་གྱི་འདུ་ཤེས་ལག་བསྟར་བྱེད་པ། ཆེད་དོན་བྱེད་སྒོའི“འཇུག་སྒོར”བརྟེན་ནས་གནད་སྨིན་ཤུགས་འདོན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི“དམངས་འཚོ་ཆེན་པོ”བསྲུངས་ཤིང་། ལོ་གསུམ་རིང་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་གྱོད་གཞི་590བདག་སྤྲོད་བྱས་པ་རེད།

    ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ལས་དོན་སྤེལ་ཞིང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི“ཡོངས་ཁྱབ་ལྔའི”ལམ་ལུགས་དོན་འཁྱོལ་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་མི་སྤྱི་ཅུས་དང་འབྲེལ་མཐུད་ཀྱིས《ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་ལག་བསྟར་ཇུས་གཞི》བཀྲམ་ཡོད། 《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་བཅོས་སྒྲིག་གི་ལས་ཀའི་མཉམ་སྒྲུབ་ལམ་སྲོལ་འཛུགས་རྒྱུའི་སྐོར》ལ་མཉམ་དུ་མིང་རྟགས་བཀོད་དེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་སྔོན་འགོག་དང་། མི་སྤྱི་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཚན་གྱིས་ཁྱོན་ཡོངས་ལ་ཁྱབ་པའི་ལམ་ལུཌ་ལག་བསྟར་བྱེད་རིང་གནས་པའི་ལྟ་འདོམས་ཀྱི་ཁུག་ཆ་དང་ལས་རིགས་ཀྱི་རྒྱུན་མཐོང་གནད་དོན་དོན་འཁྱོལ་བྱས་ནས། གྱོད་གཞི་44བདག་སྤྲོད་བྱས་པ་དང་ཞིབ་དཔྱོད་ཀྱི་གྲོས་འགོ་38བཟོས་ནས་བཀྲམ་ཡོད།

    གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་དང་མེ་ཟོན་སྒྲིག་གཞིའི་སྲིད་འཛིན་ཁྲིམས་སྒྱུར་ལ་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་བྱས་ཤིང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་དུ《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་ཀྱི་ཆེད་དོན་ལྟ་སྐུལ་གྱི་ལས་ཀའི་མཉམ་སྒྲུབ་ལམ་སྲོལ་སྐོར》ལ་མིང་རྟགས་བཀོད་ནས་ཞིབ་དཔྱོད་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་སྒྱུར་འབྲེལ་མཐུད་ནུས་ལྡན་བྱས་ཡོད། སྤྱི་པའི་གཞུང་ལམ་འགྲིམ་འགྲུལ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མེ་ཟོན་སྒྲིག་གཞི་བཅས་ཀྱི་སྲིད་འཛིན་ཆད་གཅོད་གྱོད་གཞིར་དམ་པོར་དམིགས་ཏེ་ཁྲིམས་སྒྱུར་ཡིག་ཚགས་856ཟུར་འཐེན་བྱས་པ་དང“གྱོད་གཞི་རེར་དཔྱད་འཇོག་རེ”དང་། “གྱོད་གཞི་རེར་རྩིས་ཐོ་རེ” “གནད་དོན་རིགས་གཅིག་ལ་རྩིས་ཐོ་རེ” “ཚན་པ་རེར་ཕྱོགས་སྡོམ་རྩིས་ཐོ་རེ”བཅས་ཀྱི་རྣམ་པའི་ཐོག་ནས་ཞིབ་བཤེར་བྱས་པ་དང་། ཞིབ་དཔྱོད་གྲོས་འགོ་31ཟླ་སྒྲིལ་བཏང་ནས་བཟོས་ཏེ་བཀྲམ་པས་སྲིད་འཛིན་ལས་ཁུངས་ཀྱི་སྐྱོན་ཆ་འགོག་པ་དང་། གོ་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་བཅས་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད་པ་རེད།

    ཞིབ་དཔྱོད་གཞི་གཅིག་གི་འགན་སྒྲུབ་བྱེད་ཟབ་ཏུ་བཏང་སྟེ་སྲིད་འཛིན་ཆད་གཅོད་དང་འགན་འཁྲི་བདའ་འདེད་ཀྱི“མུན་ཁུལ”མེད་པར་བཟོས་ཤིང་། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱ་རྒྱུ་འཕར་གཞི་གསར་པར་བརྩིས་ནས་གཉའ་ནང་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་11གི་ཞིབ་དཔྱོད་ཁང་ལ་ཆེད་དོན་བརྟག་ཞིབ་བྱས་པས《སྲིད་འཛིན་ཉེས་དོན་གྱི་ཞིབ་དཔྱོད་ཁུངས་སྣེ་སྐྱེལ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་དང་དེ་བཞིན་སྲིད་འཛིན་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》གྲུབ་ནས་ནང་ཁུལ་གྱི་མཉམ་འགུལ་ལ་ཤུགས་སྣོན་ཐེབས་ཏེ་སྡེ་ཚན་གྱི་བཀག་རྒྱ་མེད་པར་བཟོས་ཡོད། 2023ལོའི་ཟླ་7པ་ནས་ད་བར་ཁྲིམས་སྦྱོར་མི་བྱེད་པའི་གྱོད་གཞི་187དང་མི་གྲངས་228ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གྲལ་བཤེར་བྱས་ཡོད།

    ཐོག་མཐའ་བར་གསུམ་དུ་དམངས་ཆེད་ཁྲིམས་འཛིན་མཐའ་འཁྱོངས་བྱས་ནས་དམངས་འཚོའི་བདེ་རྩ་འགན་ལེན་ཏན་ཏིག་བྱས་ཤིང་། གྲོང་ཁྱེར་སྲིད་གཞུང་གིས《“སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”གྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུའི་སྐོར》མཉམ་དུ་བཀྲམ་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་རམ་འདེགས་བྱས་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཞིབ་དཔྱོད་དཔང་ཉན་དང་ཁྲིམས་འགྲེལ་གནས་ལུགས་ཤོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྲིད་འཛིན་རྩོད་གཞི་ཁག་5ངོ་བོའི་རང་བཞིན་གྱི་སྒོ་ནས་འདུམ་འགྲིག་བྱས་ཏེ། འགལ་བ་དང་རྩོད་གཞི་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོས་ཡོད། “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང”བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་ཨར་ལས་བྱ་ཡུལ་དུ་དབང་སྲུང་ཆ་འཕྲིན་གསལ་བཤད་བྱང་བུ་བཙུགས་མེད་པ་དང་ཨར་ལས་བྱ་ཡུལ་གྱི་དབང་སྲུང་གསལ་བཤད་ཆ་འཕྲིན་ཆ་ཚང་པོ་མེད་པ་དང་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྲིམས་ལྟར་འབྲེལ་ཡོད་སྲིད་འཛིན་ལྟ་འདོམས་སྡེ་ཚན་ལ་ཞིབ་དཔྱོད་གྲོས་འགོ་ཁག་7བཟོས་ནས་བཀྲམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།