ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།
གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་པས་གློག་སྒུལ་སྦག་སྦག་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།
ཉེ་ཆར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་བྱ་ཐབས་མང་པོ་སྤྱད་དེ། གློག་སྒུལ་སྦག་སྦག་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
ཞིབ་བཤེར་བྱེད་རིང“ཁྲིམས་སྒྱུར་དང་གཙང་བཤེར་བྱེད་ཀྱིན་བཅོས་སྒྲིག་དང་དྲིལ་བསྒྲགས་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། གཙོ་བོ་ཁ་ཏ་བསླབ་བྱ་བྱེད་ཞོར་ཞིབ་བཤེར་བྱས་ནས་གློག་སྒུལ་སྦག་སྦག་ཚད་ལྡན་བཟོ་གྲྭ་ནས་ཐོན་ཡོད་མེད་དང་། ཚད་ལྡན་ལག་འཁྱེར་ཡོད་མེད། དེ་མཚུངས་ཀྱི་སྤུས་ཚད་ཞིབ་བཤེར་དཔང་ཡིག་ཡོད་མེད་དང་། རླངས་འཁོར་གྱི་ཕྱི་ངོས་ལ་སྐྱོན་ཤོར་ཡོད་མེད་དང་བཟོ་ལྟ་གྱུར་ཡོད་མེད་སོགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྣང་ཚུལ། གློག་རྫས་ལ་བཟོ་ལྟ་གྱུར་བ་དང་། འབར་འབུར་ཆགས་པ། གཤེར་ཁུ་འཛག་པའི་སྣང་ཚུལ་ཡོད་མེད། གློག་སྒུལ་སྦག་སྦག་ཁ་འགྲེམས་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ ཐེམ་སྐས་སོགས་སུ་བཞག་ཡོད་མེད། འཁོར་རིཌ་འཇོག་ས་རུ་དེ་བསྟུན་མེ་གསོད་སྒྲིག་ཆས་ཡོད་མེད་དང་དེ་དག་གོ་ཆོད་མིན། གློག་གསོག་ཁུལ་དུ་གློག་སྐུད་གང་བྱུང་དུ་འཁྲིད་ཡོད་མེད་སོཌ་ལ་ཞིབ་བཤེར་བྱས་པ་རེད།
“དྲིལ་བསྒྲཌ་དང་ཁྲིམས་སྒྱུར་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་དཔེ་མཚོན་གྱི་མེ་སྐྱོན་སྐོར་འགྲེལ་བཤད་རྒྱག་པ་དང་། མང་ཚོགས་ལ་མེ་སྐྱོན་གྱི་ཉེན་ཁ་དང་ལས་འཛོལ་གྱི་གནོད་འཚེ་གསལ་པོ་ཤོད་པ། མང་ཚོགས་ལ་གློག་སྒུལ་སྦག་སྦག་ཡག་པོ་འཇོག་པ་དང་གློག་གསོག་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་ཁྲིད་སྟོན་བྱེད་པ། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་གྱི་གློག་གསོག་བྱེད་སྤྱོད་ཐད་འཕྲལ་མར་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་བཅོས་སྒྲིག་བྱེད་དུ་འཇུག་པ། “གློག་སྐུད་གང་བྱུང་དུ་ཁྲིད་ནས་གློག་གསོག་པའི”བྱེད་སྤྱོད་ལ་ཁ་ཏ་ཐེངས་མང་བྱས་ཀྱང་ཡོ་བསྲང་མི་བྱེད་པ་དང་། བཅོས་སྒྲིག་ག་ཚོད་བྱས་ཀྱང་སྒྱུར་བཅོས་མི་གཏོང་བ། དེ་བཞིན་གློག་སྒུལ་སྦག་སྦག་གི་ལྷུ་ལག་རང་དགར་བཟོ་བཅོས་རྒྱག་པ། ཚད་བཀག་མྱུར་ཚད་ལ་བཟོ་བཅོས་རྒྱག་པ། གློག་གསོག་བྱེད་ཀྱི་གློག་སྒམ་ཕྱི་ལ་བསྒར་བ། གློག་གསོག་བྱེད་ཀྱི་གློག་སྒམ་སྒྱུར་བཟོ་བྱེད་པ། ཤོང་ཚད་ཆེ་བའི་གློག་རྫས་བརྗེ་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད། དེ་དང་ཆབས་ཅིག《གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་དོ་དམ་གྱི“གཏན་འགོག་ལྔ”དང“ངེས་པར་དུ་བྱེད་དགོས་པ་ལྔ”》ཞེས་པའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་ཏེ། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་རྣམ་པ་བཏོད་པ་རེད།