གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་པ།
ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་ནས་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་ཆུ་བེད་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་རིགས་ཀྱི་ལྟ་སྐུལ་དང་ཁྲོམ་ར་བཅོས་སྐྱོང་འབྲེལ་མཐུད་ཧུར་ཐག་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཡིད་རྟོན་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ལྟ་སྐུལ་ཤུགས་ཆེན་དང་མཛུབ་ཁྲིད་ཞིབ་ཚགས་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་བཞི་པའི”ཆུའི་བདེ་འཇགས་འགན་ལེན་འཆར་འགོད་དོན་འཁྱོལ་གཏིང་ཟབ་དང་ཆུ་བེད་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་ཆེད་འགན་ལེན་ཏན་ཏིག་བྱས་པ་རེད།
ཆུ་བེད་ལས་སྒོ་ཞིབ་ཚགས་བསྒྲུབས་ནས་གཉེར་སྐྱོང་བྱེད་པོའི“ཞབས་ཞུ་བ”ཡག་པོ་ཞིག་བྱས་ཤིང་། སྲིད་དོན་ཞིབ་མཆན་འགོད་ལེགས་སུ་བཏང་ནས། སྲིད་དོན་ཞིབ་མཆན་ཁག་19དང་དེ་དང་འབྲེལ་བའི་དོན་དག་གཞིས་རྩེ་གྲོང་ཁྱེར་ཞིབ་མཆན་ཅུས་ལ་རྩིས་སྤྲོད་བྱེད་པ་དང“གཅིག་འཐུས་རྣམ་པའི”སྒྲུབ་གཉེར་བྱས་ཏེ་སྟབས་བདེ་ཕན་ཆེ་ཡོང་བ་བྱས་ཡོད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་དང་རྣམ་གྲངས་ཀྱི་ཁྲིམས་མིའི་འགན་འཁྲིའི་དབྱེ་མཚམས་ཁ་གསལ་བཟོ་བ། རྣམ་གྲངས་ལས་འགོ་འཛུགས་པ་དང་། སྤུས་ཚད་ལ་ལྟ་སྐུལ། ཞིབ་བཤེར་རྩིས་ལེན་བཅས་ཀྱི་འགྲོ་ལུགས་གཉེར་མགྱོགས་སུ་བཏང་ཡོད། དམངས་ཡོངས་ཀྱི་ལྟ་སྐུལ་ལ་སྐུལ་འདེད་བཏང་ནས། གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་དང་། དེ་བཞིན་རྣམ་གྲངས་ཁག་གི་འོས་སྐུལ་འོས་དཔོད་ཀྱི་སྤྱི་བསྒྲགས། འོས་ཐོན་བྱུང་བའི་འོས་མི་ཡོངས་བསྒྲགས་བཅས་བྱེད་རིང་ལས་རིགས་ཀྱི་ལྟ་སྐུལ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཏེ་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་རྒྱ་ཁྱབ་བྱས་ཡོད། ཐག་རིང་ཡུལ་གཞན་དུ་གློག་རྡུལ་ཅན་གྱི་འོས་འདེམས་དང་ངོ་འཕྲད་མི་དགོས་པའི་འོས་འདེམས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། འོས་སྐུལ་གོ་རིམ་སྔར་བས་ལེགས་སུ་གཏོང་བ་དང་། འོས་སྤྲོད་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། རིགས་གཅིག་མཁས་ཅན་འཐེན་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ། ཟུར་འཐེན་གྱི་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ། འོས་སྤྲོད་ཁེ་ལས་ཀྱི་ཧུར་སེམས་འཕེལ་བར་བྱེད་པ། འོས་འདེམས་རིགས་གཅིག་མཁས་ཅན་མི་སྒེར་གྱི་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་བྱས་ཏེ་དྲང་གཞག་དང་། ཡོངས་བསྒྲགས། དྲང་བདེན་བཅས་ཀྱི་འོས་འདེམས་འོས་དཔོད་ཁྲོམ་རའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། སྲིད་དོན་ཡོངས་བསྒྲགས་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་སྟེ་དྲ་རྒྱར་སྲིད་དོན་ཆ་འཕྲིན་དང་། ལས་ཀའི་འགུལ་རྣམ། བཅའ་ཁྲིམས་ཁྲིམས་སྲོལ། ལས་སྒྲུབ་ཕྱོགས་སྟོན། རྣམ་གྲངས་བསྡུར་འདེམས་ཆ་འཕྲིན་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་། ཞིབ་མཆན་འགོད་པའི་དུས་བཀག་སྔར་བས་ཐུང་དུ་གཏོང་བ། དྲ་ཐོག་སྒྲུབ་གཉེར་ཐབས་ལམ་ཤར་གཏོང་བྱེད་པ། ཆུ་བེད་ལས་རིགས་ཀྱི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད་པ་རེད།
ཆུ་བེད་ལྟ་སྐུལ་ལ་མུ་མཐུད་ཤུགས་བརྒྱབ་ནས་ཁྲོམ་རའི་ཁོར་ཡུག་གི“སྐོར་སྲུང་བ”ཡག་པོ་ཞིག་བྱས་ཤིང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་དཔྱད་དོ་དམ་ལམ་སྲོལ་དོན་འཁྱོལ་བྱས་ནས། ཞིབ་བཤེར་དང་གཙང་སེལ་ལས་དོན་ཏན་ཏིག་སྤེལ་ཏེ་ཡོངས་བསྒྲགས་འདྲ་མཉམ་དང་། འགྲན་རྩོད་གོ་རིམ་ལྡན་པ། ཟོལ་མེད་ཡིད་རྟོན་བཅས་ཀྱི་ཆུ་བེད་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བཏོད་ཡོད། འོས་སྐུལ་འོས་དཔོད་དོ་དམ་ལ་མུ་མཐུད་ཤུགས་བརྒྱབ་ནས། འོས་འགུག་གསལ་བསྒྲགས་ཀྱི་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོས་འགུག་གསལ་བསྒྲགས་ཀྱི་རྣམ་གྲངས་ཚང་མར་ལྟ་སྐུལ་ཞིབ་བཤེར་གྱི་ཐོ་འགོད་གཱ་བཟོས་ཏེ་འོས་སྐུལ་འོས་དཔོད་ལས་དོན་གྱི་དྲང་གཞག་དྲང་བདེན་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
སྤྱོད་ཚུལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་བརྒྱབ་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“དངོས་སྒྲུབ་མཁན”ཞིག་བྱས་ཤིང་། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ཡུན་རིང་གི་བརྗོད་གཞིར་བརྩིས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སྲུང་རགས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། ཏང་ཡོན་ལས་བྱེད་པའི་འབྲེལ་ཡོད་དོན་དག་ཡིག་ཐོག་སྙན་ཞུ་འབུལ་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་ཡོན་ལས་བྱེད་པར་སྤྱི་དང་སྒེར་དང་། ཉེ་དང་གཙང་། བརྩེ་དང་ཁྲིམས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར་ཁྲིད་སྟོན་སྐུལ་འདེད་གཏོང་བ། ལས་བྱེད་པའི་སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གྱི་གསོན་ཤུགས་འཕེལ་བར་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་སྒྱུར་བ་བཅས་བྱས་ཏེ་ལས་ཀའི་ལས་ཕྱོད་ཆེ་རུ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཁེ་ལས་དང་འབྲེལ་བའི་ལྟ་འདོམས་ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ཁྲིམས་སྒྱུར་ནན་པོ་དང་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། བཙན་ཤེད་ཀྱི་བྱ་ཐབས་གཟབ་ནན་སྤྱད་དེ་ཁེ་ལས་ཀྱི་རྒྱུན་གཏན་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་ཐེབས་ཆུང་དུ་བཏང་ཡོད། རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་གཞིགས་ནས། གྱོད་འདྲེན་ལེགས་བཅོས་དང་གྱོད་འདྲེན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ཏེ། ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་ཡིད་རྟོན་ལ་སྐུལ་འདེད་གཏོང་བ་བཅས་བརྒྱུད་ཚོང་གཉེར་ཁོར་ཡུག་གི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་ཡོད་པ་རེད།