དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོན་སྐྱེད་ཆུ་ཚད་མཐོ་རུ་བཏང་། ཞིང་པའི་ཡོང་འབབ་མང་དུ་ཕྱིན།

    རང་ལྗོངས་ཀྱི་ཞིང་ལས་ལག་རྩལ་མི་སྣས་གཞི་རིམ་དུ་དགུན་འདེབས་ལག་རྩལ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-27

    ཉེ་ཆར། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་བཅས་ཀྱི་ཞིང་ལས་ཁྱབ་གདལ་ས་ཚིགས་ཀྱི་ལག་རྩལ་མི་སྣ་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོར་འཛོམས་ནས་དགུན་འདེབས་ལག་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དགུན་འདེབས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་ལས་ཕྱོད་དང་ཡོང་འབབ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད་ཡིན་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཆེད་ལས་ལག་རྩལ་མི་སྣས་དགུན་འདེབས་ཀྱི་དོན་སྙིང་གལ་ཆེན་དང་། དཔལ་འབྱོར་ཕན་འབྲས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། དགུན་འདེབས་ལ་འཚམ་པའི་ལོ་ཏོག་རིགས་དང་། ས་རྒྱུ་གྲ་སྒྲིག་གི་གཙོ་གནད། ཞིང་འདེབས་ཀྱི་དུས་ཚོད་ཡག་ཤོས། དེ་བཞིན་ཚན་རིག་དང་མཐུན་པའི་ཞིང་འདེབས་བྱ་ཐབས་སོགས་ཀྱི་ནང་དོན་གཙོ་གནད་དུ་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་བོད་སྡེ་གྲོང་ཚོའི་ཞིང་ནང་དང་མུ་ཁར་དགུན་འདེབས་ལོ་ཏོག་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་གསོན་ཉམས་དོད་པོས་དཔེ་སྟོན་བྱས་པ་རེད། བྱེད་སྒོར་ཞུགས་མཁན་ཞིང་པ་མང་ཚོགས་ཀྱིས་ལག་རྩལ་མི་སྣ་དང་ཕན་ཚུན་སྤེལ་རེས་ཧུར་ཐག་བྱས་ཤིང་། ཁོ་ཚོའི་དྲི་བར་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དགུན་འདེབས་ལག་རྩལ་གྱི་དཔྱད་ཡིག་དང་འབྲེལ་ཡོད་པར་རིས་སྤྲད་དེ། ཚང་མས་རྗེས་མཐུད་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་རིང་དགུན་འདེབས་ལག་རྩལ་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་དང་ཁྱབ་གདལ་གཏོང་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།