དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོན་ལས་དར་ཞིང་ཡོང་འབབ་བརྟན། ཕྱུག་འགྱུར་གླུ་དབྱངས་རྣ་བར་སྙན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-27

    འདི་ནི་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི“འབྲི་གཡག་བརྒྱའི་གསོ་སྤེལ་རྟེན་གཞི”ཡིན་པ།

    འདི་ནི་མཚོ་སྨད་རྫོང་གནས་བཞི་ཤང་གནས་བཞི་གྲོང་ཚོའི་མི་སེར་གྱི་སྡོད་ཁང་ཡིན་པ།

    མཚོ་སྨད་རྫོང་གིས་ད་ལོ་ནས་བཟུང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་འཕར་ལས་ཀའི་དམིགས་ཚད་ལ་གཞིགས་པའི་ཁར། ལས་ཞུགས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཁྱད་ལྡན་ཐོན་ལས་དར་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ཁོར་ཡུག་ལེགས་སུ་བཏང་ནས་་སྐྱེ་ཁམས་ཀྱི་མཚོ་སྨད་འཛུགས་སྐྲུན་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མི་ཆོས་རིག་གནས་ཀྱི་མཚོ་སྨད་འཛུགས་གཏོད་། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འབྱོར་ཕྱུག་གི་མཚོ་སྨད་འཛུགས་སྐྲུན། དམངས་འཚོར་མཐོང་ཆེན་བྱས་ནས་བདེ་སྐྱིད་ཀྱི་མཚོ་སྨད་འཛུགས་སྐྲུན་བཅས་མཐའ་འཁྱོངས་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྨད་རྫོང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14089ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད།

    མཚོ་སྨད་རྫོང་གི“བྱང་སྐར་སྤུན་བདུན”བོད་ཟས་ཟ་ཁང་དུ་མ་བྱན་དོན་གྲུབ་རྡོ་རྗེ་ཐབ་ཚང་ནང་ལས་ལ་བྲེལ་བཞིན་འདུག ཁོང་གིས་འཛུམ་དམུལ་དམུལ་ངང“ངའི་སློབ་རྒྱུས་མཐོ་པོ་མེད་པས་ད་བར་ལས་ཀ་ཡག་པོ་ཞིག་རག་མ་བྱུང་། རྗེས་སུ་མ་བྱན་གྱི་རྩལ་ནུས་གསོ་སྦྱོང་ལ་ཞུགས་ནས་མ་བྱན་གྱི་ལག་རྩལ་སྦྱངས་པ་ཡིན། ད་ཆ་བོད་ཟས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། གླ་ཆ་མཐོ་པོ་ཡོད་པས་ལས་ཀ་བྱེད་སེམས་ཀྱང་ཆེ་རུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།

    རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་བཏང་ཞིང་། ཁྲོམ་ར་དང་མང་ཚོགས་ཀྱི“ཕྱོགས་གཉིས”ཀྱི་དགོས་མཁོར་དོ་ཁུར་བྱེད་པ་དང་། གསོ་སྦྱོང་སློབ་ཚན་ཞིབ་ཚགས་པོས་གཏན་འཁེལ་བྱེད་པ། མ་བྱན་ལག་རྩལ་དང་བསླས་འཐག་ལག་ཤེས་སོགས་ཀྱི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། གྲོང་མི་རྣམས“ཤུགས་ལས་བྱེད་མཁན”ནས“ལག་རྩལ་བར” བསྒྱུར་ཏེ་ལས་ཞུགས་བརྟན་པོ་དང་འབབ་འཕར་ཡོང་བར་བྱས་ཡོད། མིག་སྔའི་བར། མཚོ་སྨད་རྫོང་གིས་རིགས་ཁག་གི་གསོ་སྦྱོང་ཐེངས་12སྤེལ་ནས་མི་642ལ་གསོ་སྦྱོང་བྱས་པ་དང་། “འཚོ་རྟེན་ལས་སྤྲོད”ཀྱི་རྣམ་གྲངས་94ལག་ལེན་བསྟར་ནས་ས་གནས་དེ་གའི་ཞིང་པ་ལས་མི་3903ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་3895བྱུང་ཡོད།

    རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁོར་ཡུག་ཡག་པོ་བསྐྲུན་ཞིང་། ལས་གཏོད་རོགས་སྐྱོར་ལ་དམ་འཛིན་མངོན་གསལ་བྱས་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཡོད། ད་ལོ་ནས་བཟུང་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི་156དོན་འཁྱོལ་བྱས་པ་དང་། མི་26ལ་ལས་ཞུགས་རོགས་སྐྱོར་བྱས་པ། མང་ཚོགས་23ལ་ལས་ཞུགས་སྣེ་ཁྲིད་བྱས་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་སྤེལ་ཞིང་། ཉེ་བའི་ལོ་ཤས་རིང་མཚོ་སྨད་རྫོང་གིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པའི་ཁར་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་དང་། ཐོན་ལས་ལ་བརྟེན་ནས་འདེགས་སྐྱོར། སྲིད་ཇུས་ལ་བརྟེན་ནས་སྐུལ་ལྕག་བཅས་བརྒྱུད། ཚགས་ཤ་དང་ལུག་ཤའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་དང་ཕྱིར་ཚོང་ཁྲོམ་ར་རྒྱ་ཆེར་བཏང་སྟེ། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཁྱད་ལྡན་ཐོན་ལས་ལེགས་སུ་དང་སྟོབས་ཆེར་བཏང་ནས་ཡུལ་བབ་དང་བསྟུན་ཏེ་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཞིང་། སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི“ལུག་སྟོང་གི་རྒྱུད་སྤེལ་རྟེན་གཞི”དང“འབྲི་གཡག་བརྒྱའི་གསོ་སྤེལ་རྟེན་གཞིའི”འབྲོག་ལས་ཚབ་གཉེར་བྱེད་སྟངས་བརྒྱུད། གྲོང་ཚོའི“ཨུ་ལྷན་གཉིས”དང་ཞིང་འབྲོག་པའི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་བྱས་པས། གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་གཉིས་ཀའི་ཡོང་འབབ་མང་དུ་ཕྱིན་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་1697ཟིན་པ་དང་ཤ་དང་། འོ་མ། སྒོ་ང་བཅས་ཀྱི་ཐོན་ཚད་ཏུན་43.99དང་། ཏུན་3338.84 ཏུན་0.55བཅས་སོ་སོར་ཟིན་ཡོད།

    འབྲོག་ལས་སྒྱུར་བཅོས་ཁྱབ་སྤེལ་ཧུར་ཐག་བྱས་ནས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་ཞིང་། གྲི་གུ་འབྲོག་ལས་སྒྱུར་བཅོས་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་སུ་ད་ལྟ་ལུག་23051ཡོད་པ་དང་། སྔོན་དཔག་བྱས་ན་བཤས་གཏོང་ཚད་3922དང་ཡོང་འབབ་སྒོར་ཁྲི་310ལྷག་ཙམ་ཟིན་རྒྱུ་དང་། སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི“ལུག་སྟོང་གི་རྒྱུད་སྤེལ་རྟེན་གཞིར”ལུག་ལག་ཡོད་མགོ་གྲངས་4256 ཡོད་པ་དང་། སྔོན་དཔག་བྱས་ན་མགོ་གྲངས་1300བཤས་གཏོང་རྒྱུ་དང་ཡོང་འབབ་སྒོར་ཁྲི་104ཟིན་རྒྱུ་རེད། “འབྲི་གཡག་བརྒྱའི་གསོ་སྤེལ་རྟེན་གཞིར”འབྲི་གཡག་ལག་ཡོད་མགོ་གྲངས་329ཡོད་པ་དང་སྔོན་དཔག་བྱས་ན་མགོ་གྲངས་19བཤས་གཏོང་རྒྱུ་དང་ཡོང་འབབ་སྒོར་ཁྲི་22ཟིན་རྒྱུ་རེད།

    མཚོ་སྨད་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལམ་ཐིག་རྩེ་གྲ་གཏོད་པར་ཤུགས་སྣོན་བརྒྱབ་ཅིང་། རྫོང་ཡོངས་ཀྱི་ལོ་རྒྱུས་རིག་གནས་དང་། དམངས་སྲོལ་རིག་གནས། རང་བྱུང་སྐྱེ་ཁམས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་སྣུར་སྲིང་བྱས་པར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།