དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒོ་ཁར་འཚམས་འདྲི་བྱས། དྲོ་སྐྱིད་ལྷག་པར་ཚོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-27

    འཕྱོངས་རྒྱས་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་ཉིན་ཤས་བསྟུད་མར་ཞིང་འབྲོག་དུད་ཚང་དང་སློབ་གྲྭར་བསྐྱོད་དེ“དགུན་དུས་དྲོ་སྐྱིད་སྦྱིན། བྱིས་པའི་སེམས་ཁྲལ་སེལ”ཞེས་པའི་གཙོ་གནད་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིར་འཚམས་འདྲིའི་གཙོ་གནད་བྱེད་སྒོ་སྤེལ་ཏེ། གསོ་སྐྱོང་བྱེད་མཁན་མེད་པ་དང་། བྱིས་པ་དབང་པོ་སྐྱོན་ཅན། གཞིས་ལུས་བྱིས་པ། ཕ་མ་ཡ་བྲལ་གྱི་ཁྱིམ་ཚང་བཅས་ཀྱི་ཕྲུ་གུ་ཚོར་འཚོ་བའི་མཁོ་ཆས་དང་སློབ་སྦྱོང་གི་ཡོ་ཆས་སྤྲད་པ་རེད།

    འཚམས་འདྲིའི་བྱེད་སྒོ་མ་སྤེལ་གོང་། འཕྱོངས་རྒྱས་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུས་གཞིས་ལུས་བྱིས་པ་དང་ཨ་མ་གཅིག་པུ་ལས་མེད་པའི་དུད་ཚང་གི་བསམ་འདུན་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ཤེས་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག གཅེས་སེམས་ཁེ་ལས་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། མ་དངུལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་གཞོན་ནུ་ལོ་ཆུང་30ལ་བྱ་སྤུའི་གྱོན་ཆས་དང་། སྲིང་བལ་གྱི་གོས་ཐུང་། སྲིང་བལ་གྱི་ལྷམ། དཔེ་ཁུག་སོགས་གཅེས་སེམས་ལག་རྟགས་སྤྲད་ཡོད།

    དུས་ཡུན་གཟའ་འཁོར་གཅིག་གི་འཚམས་འདྲིའི་བྱེད་སྒོ་སྤེལ་རིང་འཕྱོངས་རྒྱས་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའི་ལས་དོན་པས་ཤང་དང་གྲོང་རྡལ་4ཡི་གྲོང་ཚོ་20རུ་འཚམས་འདྲིར་བསྐྱོད་དེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཞོན་ནུ་ལོ་ཆུང་གི་གམ་དུ་བསྐྱལ་ནས། རྫོང་ཡོངས་ཀྱི་ཕ་མ་ཡ་བྲལ་གྱི་ཁྱིམ་ཚང་དང་གཞིས་ལུས་བྱིས་པར་སྒོར་ཁྲི་2ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།