དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ཀྲུང་གོའི་སྤྱི་པའི་འབྲེལ་བའི་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-26

    ཚེས་21ཉིན། 2024ཀྲུང་གོའི་སྤྱི་པའི་འབྲེལ་བའི་འཕེལ་རྒྱས་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་གྱིས“སྤྱི་པའི་འབྲེལ་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་བཅོས་སྐྱོང”གི་བརྗོད་དོན་གཙོ་བོར་དམིགས་ཏེ། གླེང་སྟེགས་གཙོ་བོ་དང་། དཔེ་མཚོན་མཉམ་སྤྱོད། གྲལ་སྒོར་གླེང་སྟེགས་བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། སྲིད་གཞུང་སྡེ་ཚན་དང་། མཐོ་སློབ་ཀྱི་ཇུས་འདོན་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་འགན་འཁུར་བ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ།

    སྤྱི་པའི་འབྲེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་གྲོས་བསྡུར་བྱས་པ་དང་འབྲེལ། ལོ་འཁོར་གྱི་སྤྱི་པའི་འབྲེལ་བའི་ཕུལ་བྱུང་དཔེ་མཚོན་50ཁྱབ་བསྒྲགས་བྱས་པ་རེད།

    ཚོགས་ཞུགས་མི་སྣས་ཉེ་བའི་ལོ་ཤས་རིང་། སྤྱི་པའི་འབྲེལ་བས་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པ་གང་ལེགས་བཏོན་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་མཐུན་རྐྱེན་བསྐྲུན་ཡོད་ཅིང་། ཕྱོགས་གཅིག་ནས་སྲིད་གཞུང་ལས་དོན་གྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་མ་ཐེབས་པ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལའང་སྐུལ་མ་ནུས་ལྡན་ཐེབས་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།