སྦྲ་ཆེན་རྫོང་གིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་ཚོགས་འདུ་འཚོགས་པ།
ཉེ་ཆར་སྦྲ་ཆེན་རྫོང་གི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་ཚོགས་འདུ་སྐབས་གསུམ་པ་རྫོང་གི་ལུང་ཐེང་ཐང་ཆེན་དུ་འཚོགས་པ་རེད།
ད་ཐེངས་ཀྱི་འགྲེམས་ཚོང་བྱེད་སྒོའི་ཐོག“འགྲེམས་སྟོན་དང་འགྲེམས་ཚོང་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་ཉོ་ཚོང་ལས་སྟེགས་བསྐྲུན་པ་དང་ས་གནས་ས་ཐོག་ཏུ་འགྲེམས་གནས་10ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ཤང་དང་གྲོང་རྡལ་ཁག་གི་འབྲོག་ཟོག་དང་། བསླས་འཐག ཀོ་ཆས་སོགས་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་པ་དང་། བྱེད་སྒོ་སྤེལ་རིང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་20.59བྱུང་ཡོད། བྱེད་སྒོའི་ཁྲོད་མི་རིགས་ཀྱི་རྒྱན་གོས་གྱོན་པ་དང་བྱེད་སྒོའི་ཕུལ་བྱུང་བརྩམས་ཆོས་བཏགས་པའི་ཤང་དང་གྲོང་རྡལ་10ཡི་མང་ཚོགས་ལས་གྲུབ་པའི་མོ་ཐྲོལ་རུ་ཁག་གིས་ས་གནས་ས་ཐོག་གི་མང་ཚོགས་ཚོར་ལག་ཤེས་ཀོ་ཆས་དང་བསླས་འཐག་ལག་རྩལ་སོགས་རེ་རེ་བཞིན་འགྲེམས་སྟོན་བྱས་ཏེ་སྦྲ་ཆེན་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་རྩེར་སོན་ལག་རྩལ་དང་བློ་རིག་མངོན་པར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོས་སྦྲ་ཆེན་རྫོང་གི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་ཕྱིན་པ་དང་འབྲོག་ཟོག་དང་ལག་ཤེས་བཟོས་རྫས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་མ་ཐེབས་ཡོད་པ་རེད།