དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་མཐའ་ཁ་མདོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས།

    འོས་འགན་སྨན་བཅོས་བྱས་ནས་མང་ཚོགས་ཀྱི་ནད་གཞི་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    “ཁྱུང་རྩེའི་བདེ་ཐང་སྲུང་སྐྱོང་གི་ཁྱིམ་གཞིས”ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། འདི་ལོའི་ཟླ་5པ་ཚུན། གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་མཐའ་ཁ་མདོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་22རི་བའི་སྨན་རྫས་ཉོས་ནས། ཁྱུང་རྩེ་ཤང་དང་དེའི་ཉེ་འཁོར་མང་ཚོགས་ཀྱི་ནད་གཞི་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

    དེ་དང་ཆབས་ཅིག་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་དང་བརྩོན་ལེན་ཧུར་ཐག་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་མཐུན་སྦྱོར་བྱས་ཏེ་མཐའ་ཁ་མདོ་གྲོང་ཚོར་དངུལ་སྨར་སྒོར་ཁྲི་2ཞལ་འདེབས་བརྒྱབ་ཡོད། ཞལ་འདེབས་མ་དངུལ་བེད་སྤྱོད་ཡག་པོ་ཐུབ་པ་བྱ་ཆེད། སྔ་རྗེས་སུ་མང་ཚོགས་ལ་རྒྱུན་གྲབས་སྨན་སྣ་ཁ་50ལྷག་ཙམ་ཉོས་ནས་སྤྲད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ནད་གཞི་ལྟ་བ་དང་སྨན་སྤྱོད་པའི“ཁ་ཚ་དགོས་གཏུགས་ཀྱི་གནད་དོན”ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།