དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཀྱིས་2024ལོའི“བཅའ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཉེ་ཆར། བྲག་ཡིབ་ཆུས་ཀྱིས་ཞ་མོན་ཐང་ཆེན་དུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་སྐུལ་འདེད་གཏོང”ཞེས་པའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་། “12·4”ཡི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བར། མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ལྟ་བ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་མཁན་ཁོངས་མིའི་ཚན་པ་ཁག་གིས་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཁྲིམས་ལུགས་བློ་འདྲི་བ་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》བཅས་དང་། དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྩ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན་གྱི་མཉམ་འགུལ་ནང་དོན་བཀོད་སྒྲིག་བྱས་པ་དེས། མང་ཚོགས་ལ་སྤྲོ་སྣང་གི་ཁྲོད་ནས་ཁྲིམས་སྐྱོང་གི་སློབ་གསོ་ཐོབ་ཡོད། བྱེད་སྒོར་ད་དུང་བྲག་ཡིབ་ཆུས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས“ཁམ་བུའི་མེ་ཏོག་དམར། མཐུན་སྒྲིལ་ཟབ། ཁྲིམས་སྐྱོང་དར”ཞེས་པའི་ཡིག་གཟུགས་བརྩམས་ཆོས་བསྡུ་བའི་བྱེད་སྒོ་གཉེར་ཏེ། མི་27ལ་བྱ་དགའ་སྤྲད་པ་མ་ཟད། བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།