བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་མོན་གྲོང་གྲོང་ཚོས།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བ།
ད་ལོ་ནས་བཟུང་། བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུའི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས། བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་མོན་གྲོང་གྲོང་ཚོས་ལས་ཀའི་བྱེད་སྟངས་གསར་གཏོད་དང་། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་ལ་སྤྱི་འདོམས་བྱས་ཏེ། གྲོང་ཚོ་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཉེར་དང་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད།
མོན་གྲོང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ནི་རྒྱལ་ལམ་318ཀྱི་རྒྱུད་དུ་གནས་པ་དང་། ས་ཁྱོན་ལ་སྨི་ངོས་གྲུ་70ཙམ་ཡོད། ཉེ་བའི་ལོ་གཉིས་རིང་། གྲོང་ཚོའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཟམ་མི་ཆད་པར་བྱས་པར། སྒེར་འཁོར་བཏང་ནས་ཡོང་བའི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཡུལ་སྐོར་བ་མང་དུ་སོང་བ་དང་སྦྲགས། མོན་པ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་ཅུང་ཞན་པའི་ཞན་ཆ་རིམ་གྱིས་མངོན་ཡོད།
ད་ལོར། མོན་པ་གྲོང་ཚོས་དོན་དངོས་ལ་གཞི་ཚུགས་པ་དང་། མ་དངུལ་སྒོར་ཁྲི་10ལྷག་ཙམ་བརྩོན་ལེན་དང་བསྡུ་སྒྲིལ་ཧུར་ཐག་གིས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་སྒྱུར་བཀོད་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཞབས་ཞུ་ཁང་གི་བྱེད་ནུས་ཀྱི་བཀོད་པ་བསྐྱར་དུ་འཆར་འགོད་བྱས་པ་དང་། ངལ་གསོ་སའི་ཞབས་ཞུའི་ཁུལ་འཕར་མ་བཙུགས་ཏེ། ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ཞིང་། མིག་སྔར། མོན་གྲོང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཞབས་ཞུ་ཁང་སྒྱུར་བཀོད་ཟིན་ནས་སྤྱོད་འགོ་ཚུགས་པ་རེད།