དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ལྷ་སར་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་གཞིར་བཟུང་། ཟླ་12ཚེས་24ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས》ཀྱི་ས་གནས་བཞིའི་ཡན་ལག་ཚོགས་ར་ཁྱབ་བསྒྲགས་བྱས་ཤིང་། ཁྲུང་ཆིང་དང་། ཧུའུ་པེ་ཝུའུ་ཧན། བོད་ལྗོངས་ལྷ་ས། ཅང་སུའུ་ཝུའུ་ཤིས་བཅས་ཉམས་འགྱུར་མངོན་གསལ་དོད་པ་དང་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡན་ལག་ཚོགས་ར་བཞི་ཡིས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་ལག་གདང་སྦྲེལ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ། ལོ་གསར་གནམ་གང་གི་དགོང་མོར་གོ་ལ་ཧྲིལ་པོའི་ལྟད་མོ་བར་བཀྲ་ཤིས་དགའ་སྟོན་དང་སྤྲོ་སྣང་ལྡན་པའི“ལོ་གསར་གནམ་གང”གི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་གཤམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།