དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་ནས་གཅིག་གྱུར་འཆར་འགོད་དང་ཕྱོཌ་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱེད་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཌ་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-25

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཌ་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ”ལྔ་ཁོང་དུ་གཏིང་ཟབ་ཆུད་པ་དང་བེད་སྤྱོད་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིཌ་པ་བཅས་བྱས་ནས་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པའི་ཤུགས་རྒྱག་ས་གཙོ་བོ་ཁ་གསལ་བཟོས་པ་དང་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ལས་འགན་དང་བླང་བྱ་གཙོ་བོ་ཁ་གསལ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟན་ཐོག་ཡར་འཕེལ་དང་ཡར་འཕེལ་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་དང་སྔོན་འཛུགས་རྗེས་གཏོར་དང་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། ལག་བསྟར་དོན་འཁྱོལ་གྱི་ཤུགས་རྒྱག་ས་དང་གནད་ས་གནད་ལ་འཁེལ་པོས་འཚོལ་བ། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། ཚོགས་འདུར་ཁ་གསལ་བཟོས་པའི་གཙོ་གནད་ལས་འགན་ཁག་བདུན་ལས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ངེས་པར་དུ་སྤྱི་འདོམས་དོན་འཁྱོལ་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ། གདིང་རྩའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ་བཅས་གང་ལེགས་མངོན་པ་དེས་ང་ཚོས་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པའི་སྒོ་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚུགས་གནས་མཐོ་རུ་གཏོང་བ་དང་། གོ་བ་ནན་ཏན་ལེན་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས།

    སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་པར་ངེས་པར་དུ་གོ་བ་གཏིང་ཟབ་དང་ཡང་དག་བླངས་ནས་ལས་དོན་གྱི་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དགོངས་དོན་དང་འཚམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་འཚམ་པར་བྱེད་དགོས། འཛད་སྤྱོད་དང་མ་འཇོག་ལས་གྲུབ་པའི་ནང་མཁོ་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ཞིང་། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ན་གཞི་ནས་དཔལ་འབྱོར་འཕར་བའི་གཏིང་ཤུགས་ཟམ་མི་ཆད་པར་འཕེལ་ཐུབ་པ་དང་། ཐོན་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཡིན་པས། ཐོན་ལས་དར་ན་དཔལ་འབྱོར་དར་ཐུབ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་ན་གཞི་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་འདེགས་སྐྱོར་ཡིན་ལ། ཐུན་མོང་འབྱོར་ཕྱུག་ཡོང་བའི་ནང་གནས་ཀྱི་བླང་བྱ་ཡང་ཡིན་པ་བཅས་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས།

    སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་གཙོ་གནད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་ཡོང་བ་བྱ་རྒྱུ་དེ་རེད། ནང་མཁོའི་གཏིང་ཤུགས་སྔོག་འདོན་དང་འདོན་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་གཏིང་ཤུགས་ལྡན་པའི་འགན་ལེན་བྱེད་དགོས་པ་དང་། འགུལ་ནུས་གསར་པ་སྐྱེད་སྲིང་དང་འགུལ་ནུས་རྙིང་པ་གསར་བརྗེས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ཏེ་ཐོན་ལས་ཆེན་པོ་དགུ་ཡིས་སྣེ་ཁྲིད་བྱེད་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྔར་བས་སྒྱུར་དགོས་པ། ས་ཁོངས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གང་མགྱོགས་ཆགས་པར་བྱེད་དགོས་པ། ཏང་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱད་དེ་གདིང་རྩའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རིམ་བཞིན་ཆེ་རུ་བཏང་ནས་མཐའ་འཁོར་རྒྱལ་ཁབ་དང་འགྲོ་འོང་བྱེད་རིང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཅངས་ནས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་སྐྲུན་དགོས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཚན་རིག་ཅན་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་ནས་སྒྲུབ་པ་དང་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་དགོས།

    ལས་འགན་གཤམ་དུ་སྤྲད་ཟིན་པ་དང་། དམིགས་ཚད་ཁ་གསལ་བཟོས་ཟིན། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་ཡག་པོ་དང་གཙོ་གནད་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པར། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། གནས་ཚུལ་དངོས་ལ་དབྱེ་ཞིབ་ནན་ཏན་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ། དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་ལས་ཀའི་བྱེད་ཐབས་སྤྱད་ནས་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་འཕར་བ་བྱེད་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་གཅིག་གྱུར་ཡོང་བར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།