བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཟླ་12ཚེས་23ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོཌ་བཙུཌ་ནས་ལོ་60འཁོར་བའི་གསར་འགྱུར་ཡོངས་བསྒྲཌ་ཚོཌ་འདུ་ལྷ་སར་འཚོཌ་པ་རེད།
འདས་ཟིན་པའི་ལོ་60ལ་ཕྱིར་མིག་བལྟས་ཚེ། ཞི་བའི་བཅིངས་འགྲོལ་བཏང་ནས་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བར་གྱི་དུས་སྐབས་སུ། བོད་ཀྱི་བཟོ་པའི་གྲལ་རིམ་གྱིས་འཐབ་ས་མདུན་མར་རོགས་སྐྱོར་བྱས་པ་དང་། “ལམ་གཉིས”བཟོ་བ། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ནང་ཧུར་ཐག་ཞུགས་པ་དང་། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱེད་རིང་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་མི་རིགས་ཁག་གི་ལས་བཟོ་སྤྱི་ཚོཌ་རིང་ལུགས་ཀྱི་སྒྱུར་བཀོད་ནང་ཧུར་ཐག་ཞུགས་པའི་སྐུལ་སློང་བྱས་པ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་མི་རིགས་ཁག་གི་ལས་བཟོ་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་དེང་རབས་ཅན་འཛུཌ་སྐྲུན་ནང་ཧུར་ཐག་ཞུགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་བཟོ་ཚོཌ་ཀྱིས་ལྟེ་བར་དམིཌ་པ་དང་སྤྱི་ཡོངས་ལ་ཞབས་འདེཌ་ཞུས་ཏེ། ལྗོངས་ཡོངས་སུ་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གྱི་ཚ་རླབས་ཡང་ཡང་འཕྱུར་བ་བཅས་བྱས་ཡོད། དུས་སྐབས་རེ་རེ་ནས་ཐུན་མོང་གི་བརྗོད་དོན་གཙོ་བོ་ཞིག་མངོན་པ་སྟེ། བོད་ཀྱི་རིམ་ཁག་བཟོ་ཚོཌ་ཀྱིས་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།
གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས“རྒྱལ་ཁབ་ཀྱི་སྒོ་མོ་སྲུང་བ”ཡི་བརྗོད་དོན་གཙོ་བོར་བྱས་པའི་བཟོ་ཚོགས་ཀྱི་གཡུལ་ས་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ། མཐའ་མཚམས་རྫོང་དང་ཤང་དང་འགག་སྒོའི་ལས་བཟོའི་ཁྱིམ་གཞིས་ཁག་97བསྐྲུན་ནས་མཐའ་མཚམས་རྫོང་དང་།ཤང་གི་ལས་བཟོའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྒོར་ཁྲི་300ལྷག་ཙམ་ཁ་གསབ་སྤྲད་པ་དང་། བཟོ་ཚོགས་ཀྱི་ས་ཚིགས་513བསྐྲུན་ནས་རིམ་རྩིས་བརྒྱབ་ན་ལས་བཟོ་མི་ཐེངས་ཁྲི་71ལ་ཞབས་འདེགས་ཞུས་པ། རྒྱུན་རྣམ་ཅན་གྱི་ལུས་གསོའི་ལས་དོན་སྤེལ་ཏེ་ལྗོངས་ཕྱི་ནང་དུ་ཁག་ཐེངས་209ཡི་མི་6131ལུས་གསོ་བྱེད་པར་བཏང་བ། མ་དངུལ་སྒོར་དུང་ཕྱུར་1ཙམ་བཏང་ནས་དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་དང་། དྲོ་སྐྱིད་སྦྱིན་པ། ཞིང་པ་ལས་མིའི་བུ་ཕྲུག་གི་ཞིབ་འཇུག་སློབ་སྦྱོང་། བབ་བསྟུན་གྱི་གཟུགས་པོ་བརྟག་དཔྱད་སོགས“བཟོ་ཚོགས་ཀྱི་དམངས་འཚོའི་བྱ་བ་དངོས་11”ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས་ལས་བཟོ་མི་ཐེངས་ཁྲི་24ལ་ཕན་པ་ཐོབ་པ། གྲོང་སྡོད་ལས་དོན་རུ་མི་དང་མཐའ་སྲུང་མི་དམངས་ཉེན་རྟོག་པ་སོགས་མི་ཐེངས་ཁྲི་2.74ལ་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ལག་ལེན་བསྟར་བ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ལས་བཟོའི་འགན་བཅོལ་རོགས་རེས་ལྷན་ཚོགས་བོད་ལྗོངས་དོན་གཅོད་ཁྲུའུ་ཡིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་བཟོའི་སྨན་བཅོས་རོགས་རེས་འགན་ལེན་བྱེད་སྒོ་ཁག་གསུམ་སྤེལ་བ་སྟེ། ལོ་རེའི་སྨན་ཁང་དུ་བསྡད་པའི་ཕྱོགས་བསྡུས་སྒོར་75དང་། ལོ་རེའི་ཕོགས་སྣོན་ཁ་གསབ་ཕྱོགས་བསྡུས་སྒོར་135 ལོ་རེའི་ནད་གཞི་ཚབས་ཆེན་ཕྱོགས་བསྡུས་སྒོར་200བཅས་རེད། ལྗོངས་ཡོངས་ཀྱི་རོགས་རེས་འགན་ལེན་བྱེད་སྒོར་ཞུགས་མཁན་ཚོགས་མིའི་ཚན་པ་ཁྱོན་711དང་ཚོགས་མི་མི་ཐེངས་ཁྲི་14.3ཟིན་ཡོད། རིམ་རྩིས་བརྒྱབ་ན་ཚོགས་མི་899ལ་རོགས་རེས་དངུལ་སྒོར་ཁྲི་1042སྤྲད་པ་དང་། ཚོགས་མི་88ལ་རོགས་སྐྱོབ་འཚམས་འདྲིའི་དངུལ་སྒོར་ཁྲི་31.4སྤྲད་པ། བུད་མེད་ལས་བཟོ་2000ལ་དམིགས་བསལ་ནད་གཞིའི་རོགས་རེས་འགན་ལེན་སྤྲད་པ། སྐྲན་ནད་གཉིས”ཀྱི་བརྟག་དཔྱད་ཞིབ་བཤེར་བྱེད་སྒོ་སྤེལ་བ་བཅས་རེད།
སླད་ཕྱིན་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ད་ཡོད་ཀྱི་འགན་ལེན་ཐོན་རྫས་ཁག་གསུམ་མུ་མཐུད་ལེགས་སྒྲིག་དང་རིམ་སྤོར་བྱས་ཏེ་ལས་བཟོ་མང་ཚོགས་ལ་ཕན་བདེ་ཏན་ཏིག་བསྐྲུན་རྒྱུ་ཡིན་པ་རེད། སྨན་བཅོས་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགན་ལེན་ཐོབ་ཐང་གི་ཁྱབ་ཁོངས་སུ་བཅུག་ནས་དེ་སྔོན་སྨན་ཁང་དུ་སྡོད་སྐབས་ཉིན་གསུམ་ཕྱིན་ཚེ་གཞི་ནས་ཕོགས་སྣོན་ཁ་གསབ་རོགས་དངུལ་ལེན་ཐུབ་པ་ནས་ད་ལྟ་ཉིན་གཅིག་ལ་ལེན་ཐུབ་པའི་བར་ལེགས་སྒྲིག་བྱས་པ་དང་། ནད་གཞི་ཚབས་ཆེན་རིགས་30དང་ས་མཐོའི་ཐོན་མང་བའི་ནད་གཞི་ཡང་བའི་རིགས་13དེ་ད་ལྟ་ནད་གཞི་ཚབས་ཆེན་རིགས་35དང་། ནད་གཞི་ཡང་བའི་རིགས་25 ས་མཐོའི་ཐོན་མང་བའི་ནད་གཞིའི་རིགས་4བཅས་བར་མང་དུ་བཏང་བ། “ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་ཆེད་དོན་རོགས་རེས་འགན་ལེན་བྱེད་སྒོ”སྤེལ་ནས་མི་རེར་ལོ་རེར་སྒོར་25དང་མང་ཤོས་ལ་སྒོར་ཁྲི་5ཡི་སྐྱིན་གསབ་སྤྲད་ཆོག་པའི་ཁར་རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་བསྐྲུན་རྒྱུ་རེད།