དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས“གསར་བརྗེ་པ་རྒན་གྲས་ཀྱི་འདུམ་འགྲིག་ཁང”དང“བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་ཚོགས་པ་གྲགས་ཅན”བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-25

    བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་ཡག་པོ་དང་། སྤྱི་དམངས་ཀྱི་བཅའ་ཁྲིམས་ཀྱི་འདུན་པ་སྐོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྔར་བས་ནུས་ཆེ་དང་སྟབས་བདེའི་སྒོ་ནས་འདུམ་འགྲིག་དང་ཐག་གཅོད་བྱེད་པ། རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ཁྲིམས་སྐྱོང་གི་ཁོར་ཡུག་གཏོད་པ་བཅས་བྱ་ཆེད། མེ་ཏོག་རྫོང་ཁྲིམས་འཛིན་ཅུས་དང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་གདན་དྲངས་ནས་འདུམ་འགྲིག་པའི་འགན་འཁུར་རྒྱུའི་གྲོས་འགོ་བཏོན་ཏེ། མེ་ཏོག་རྫོང་གི་སྤུས་རྟགས་འདུམ་འགྲིག་ཁང་དང་པོ་ཡིན་པའི“གསར་བརྗེ་པ་རྒན་གྲས་ཀྱི་འདུམ་འགྲིག་ཁང”བཙུགས་པ་དང་། ལས་རིགས་མི་འདྲ་བའི་ཁྲོད་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ་དང་སྐད་ཆ་ཤོད་མཁས་པའི་ཕུལ་བྱུང་འཐུས་མི་བདམས་ནས“བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་ཚོགས་པ་གྲགས་ཅན”བཙུགས་ཏེ། དྲ་ཐོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད།

    ཉེ་ཆར། མེ་ཏོག་རྫོང་གི“གསར་བརྗེ་པ་རྒན་གྲས་ཀྱི་འདུམ་འགྲིག་ཁང”དང“བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་ཚོགས་པ་གྲགས་ཅན”གྱི་འགོ་ཚུགས་ཚོགས་འདུ་དང་གདན་ཞུའི་མཛད་སྒོ་མེ་ཏོག་རྫོང་ཁྲིམས་འཛིན་ཅུས་སུ་གཉེར་ཞིང་། བྱེད་སྒོ་སྤེལ་ཡུལ་དུ“གསར་བརྗེ་པ་རྒན་གྲས་ཀྱི་འདུམ་འགྲིག་པ”དང་དེ་བཞིན“འཆད་ཁྲིད་ཚོགས་པའི”འཆད་ཁྲིད་ཁོངས་མིར་གདན་ཞུའི་ཡི་གེ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།