དབུ་ཤོག
  • ཟླ་12ཚེས་25ཉིན། ལམ་འདི་དག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-12-24

    གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོ།

    ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་བདེ་སྲུང་ལ་འགན་ལེན་བྱས་ཏེ་བྱེད་སྒོ་རྒྱུན་གཏན་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་གཞིར་བཟུང་། བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁུལ་གྱི་འབྲེལ་ཡོད་ལམ་དུམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག བཀག་སྡོམ་བྱེད་པའི་དུས་ཚོད།

    2024ལོའི་ཟླ་12ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00པ་ནས་བྱེད་སྒོ་མཇུག་མ་འགྲིལ་བར་ཡིན།  

    གཉིས། བཀག་སྡོམ་བྱེད་ས།

    1.ཅང་སུའུ་ལམ་དང་རྡོ་སེང་གེ་ལམ་གྱི་གསུམ་མདོ་ཁ་ནས་འཕྲུལ་སྒུལ་འཁོར་རིགས་བྱང་ཕྱོགས་སུ་སྐྱོད་མི་ཆོག

    2.མཁར་རྔ་གདོང་ལྷོ་ལམ་དང་གཡུ་ཐོག་ལམ་གྱི་གསུམ་མདོ་ཁ་ནས་འཕྲུལ་སྒུལ་འཁོར་རིགས་ཤར་ཕྱོགས་སུ་སྐྱོད་མི་ཆོག

    3.པེ་ཅིང་ཤར་ལམ་དང་རྡོ་སེང་གེ་ལམ་གྱི་བཞི་མདོ་ཁ་ནས་འཕྲུལ་སྒུལ་འཁོར་རིགས་ལྷོ་ཕྱོགས་སུ་སྐྱོད་མི་ཆོག

    གསུམ། འཁོར་རིགས་འཇོག་མི་ཆོག་པའི་ས་ཆ།

    ཅང་སུའུ་ལམ(ཅང་སུའུ་ལམ་དང་མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ་ཁ་ནས་ཅང་སུའུ་ལམ་དང་གླིང་སྐོར་ཤར་ལམ་གྱི་བཞི་མདོ་ཁའི་ལམ་དུམ་ཧྲིལ་པོ)དང་། གཡུ་ཐོག་ལམ་གྱི་ལམ་དུམ་ཧྲིལ་པོ། པེ་ཅིང་ཤར་ལམ་གྱི་ལམ་དུམ་ཧྲིལ་པོ། རྡོ་སེང་གེ་ལམ་གྱི་ལམ་དུམ་ཧྲིལ་པོ་བཅས་སུ་འཕྲུལ་སྒུལ་འཁོར་རིགས་འཇོག་མི་ཆོག

    བཞི། གནས་སྐབས་བཀག་སྡོམ་བྱེད་པའི་ལམ་དུམ།

    བྱེད་སྒོ་སྤེལ་བའི་ཉིན་དེར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ས་ཡུལ་དངོས་ཀྱི་མི་གྲངས་དང་རླངས་འཁོར་གྱི་མང་ཉུང་ལ་གཞིགས་ནས། པེ་ཅིང་ལམ་དང་ཉང་བྲན་ལམ་གྱི་གསུམ་མདོ་ཁ་ནས་པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་ལམ་མདོ་བར་དང་། རྡོ་སེང་གེ་ལམ་དང་ཅང་སུའུ་ལམ་གྱི་ལམ་མདོ་ནས་ཅང་སུའུ་ལམ་དང་གླིང་སྐོར་ཤར་ལམ་གྱི་ལམ་མདོ་བར། གླིང་སྐོར་ལམ་དང་རྡོ་སེང་གེ་ལམ་གྱི་ལམ་མདོ་ནས་པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་ལམ་མདོ་བར། པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་ལམ་མདོ་ནས་པེ་ཅིང་ལམ་དང་གླིང་སྐོར་ཤར་ལམ་གྱི་ལམ་མདོ་བར་བཅས་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ཞིང་། སྤྱི་སྤྱོད་རླངས་འཁོར་ཕུད་པའི་འཕྲུལ་སྒུལ་འཁོར་རིགས་གཞན་དག་ཚང་མ་སྐྱོད་མི་ཆོག

    རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་ས་ཡུལ་དངོས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་ཡག་པོ་ཉན་དགོས། བཀག་སྡོམ་བྱེད་རིང་སྟབས་མི་བདེ་བ་བྱུང་ཚེ་བསམ་ཤེས་ཡོད་པ་ཞུ།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    2024ལོའི་ཟླ་12ཚེས་22ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།