དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4650.08བར་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-24

    ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པར། མཚོ་སྔོན་པོའི་རྒྱ་ཁྱོན་རྒྱུན་མཐུད་ནས་སྤྱི་ལེ་ངོས་གྲུ་4650.08བར་ཆེ་རུ་ཕྱིན་ཡོད་པ་དང་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་28.1འཕར་ཡོད། འདི་ནི་ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པ་ཆེད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ཞིག་རེད།

    མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་བྱེད་ཀྱིས། འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། མཚོ་སྔོན་པོའི་ཆུ་གསོག་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་མ་ཟད། འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་བརྟན་པོ་དང་། རྩ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་རིམ་བཞིན་མང་དུ་འགྲོ་གི་ཡོད། 2023ལོར། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྔོ་ཁེབས་ཁྱབ་ཚད་62.8%ཡིན་པ་དང་། 2023ལོའི་མཚོ་སྔོན་པོའི་རྒྱ་ཁྱོན་ཉེ་བའི་ལོ་བཅུའི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་204.46ཆེ་རུ་ཕྱིན་ཡོད། 2024ལོའི་ཟླ་9པར། ལྟ་ཞིབ་ཚད་ལེན་ལས་མཚོ་སྔོན་པོའི་མཚོ་ཆུའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4650.08ཟིན་པ་དང་། ཆུ་ཁའི་མཐོ་དམན་སྨི་3196.72ལ་སླེབས་པ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།