སི་ཁྲོན་རྔ་པས་གློག་ཤུགས་ལ་བརྟེན་ནས“གངས་འཁྱགས་ཡུལ་སྐོར་དུས་ཚིགས”ལ་གཡས་གཞོགས་གཡོན་འདེགས་བྱེད་པ།
མིག་སྔར། གངས་འཁྱགས་ལ་ལྟ་རོལ་གྱི་ནམ་དུས་ཡག་ཤོས་སུ་སླེབས་ཤིང་། 2024ལོའི་ཟླ་12ཚེས་22ཉིན། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྲོ་ཆུ་རྫོང་དུ་གནས་པའི་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཉུང་བའི་ཡིད་དབང་བཀུག་ཡོད། མཛེས་ལྗོངས་ཁུལ་གྱི་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ལ་འགན་སྲུང་བྱ་ཆེད། རྒྱལ་ཁབ་གློག་དྲ་སི་ཁྲོན་རྔ་པ་ཀྲོའུ་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་པས་ཏ་ཁོག་འཁྱགས་ཀླུང་གི་ཐག་ལམ་གློག་སྐུད་ལ་ཞིབ་བཤེར་བྱས་པ་རེད།
པར་འདི་གསུམ་ནི་རྒྱལ་ཁབ་གློག་དྲ་སི་ཁྲོན་རྔ་པ་ཀྲོའུ་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་པས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྲོ་ཆུ་རྫོང་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་དུ་ཐག་ལམ་གློག་སྐུད་ལ་ཞིབ་བཤེར་བྱས་ཏེ་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་བཞིན་པ།