ཀྲུང་ཝེ(ཀྲུང་ལོ)རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཐོག་མ་བཏང་བ།
ད་རེས་གཏོང་ཐེངས་དང་པོ་ཡིན་པའི་ཀྲུང་ཝེ(ཀྲུང་ལོ)རྒྱལ་སྤྱིའི་དུས་གཏན་མེ་འཁོར་ནི་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲུ་ཁ་ལྕགས་ལམ་སྐྱེལ་འདྲེན་རིགས་ཀྱི་འགག་སྒོ་ལྟ་འདོམས་ཁང་གིས་གཉེར་སྐྱོང་བྱས་རྗེས་ལྷོ་ཕྱོགས་སུ་བཏང་བའི་དུས་གཏན་མེ་འཁོར་ཐོག་མ་ཡིན་པ་རེད། དངོས་ཟོག་གཙོ་བོ་ལུའུ་ཀྲོའུ་ཡི་ས་གནས་དེ་ག་དང་དེ་བཞིན་ཉེ་འཁོར་གྱི་རྫས་འགྱུར་བཟོ་ལས་ཐོན་རྫས་དང་གློག་འཕྲུལ་ལྷུ་ལག་ཡིན་ཞིང་། དེ་དག་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་སོགས་སུ་དབོར་རྒྱུ་རེད། འདི་ནི་ཟླ་12ཚེས་18ཉིན་གྱི་ཆུ་ཚོད་9དང་སྐར་མ་35ལ་མེ་འཁོར་གྱི་དུང་བརྡ་གྲགས་པ་དང་ཆབས་ཅིག སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ནས་ཐོན་པའི་ཀྲུང་ཝེ(ཀྲུང་ལོ)རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཐོག་མ་ལུའུ་ཀྲོའུ་གྲུ་ཁ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁ་ཆེད་གཏོང་ལྕགས་ལམ་ནས་དལ་བུར་ཐོན་བཞིན་པ།