དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས།

    2025ལོའི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་རུ་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་རྒྱུགས་ཁུལ་དུ་ཕེབས་ནས་2025ལོའི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ་རེད།

    ལང་ཧྥུའུ་ཁོན་གྱིས་གསུངས་དོན། རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ནི་རྒྱལ་ཁབ་ཀྱིས་མཐོ་རིམ་ཆེད་ལས་ཤེས་ལྡན་པ་འདེམས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། དེས་ན་རྒྱུགས་ཁུལ་ཁག་གིས་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རྩ་འཛུཌ་ཀྱི་འགོ་ཁྲིད་ལ་ཤུཌ་སྣོན་རྒྱག་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྷུ་ཚིགས་དང་། འགག་རྩའི་ལས་གནས། འགག་རྩའི་མི་སྣ་བཅས་ལ་དམ་པོར་དམིགས་པ། ཡིག་རྒྱུགས་ཀྱི་བདེ་འཇགས་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚཌ་བྱེད་པ། རང་འགན་གཙང་སྒྲུབ་དང་། བྱེད་མཁས་ལ་རྗེས་ཐོན་པ། དངོས་སྒྲུབ་དོན་གཉེར་བཅས་བྱས་ཏེ་ཡིག་རྒྱུགས་སྒྲིག་འཛུཌ་ཚད་ལྡན་བྱེད་པ་དང་། བརྩེ་བ་ཟབ་མོས་ཡིག་རྒྱུགས་ལ་སྲུང་སྐྱོང་། ཞིབ་འཇུག་སློབ་མའི་ཡིག་རྒྱུགས་བདེ་འཇགས་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། རྒྱུགས་རའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱུཌ་སྤྲོད་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྒྱུཌ་སྤྲོད་སློབ་མ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་རྒྱུགས་སྤྲོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།