དུས་རབས་གསར་པར་ཡན་ཨན་གྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་པའི་དུས་རབས་གསར་པར་ཡན་ཨན་གྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་སོགས་ཚན་པ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་དེའི་ནང་ཞུགས་ཡོད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོཌ་ཀྱི་བློ་མཐུན་11གིས་ཡན་ཨན་གྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཡན་ཨན་གྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དེ་སློབ་ཁྲིད་དང་ཚན་ཞིབ་ལས་དོན་ནང་ཁྱབ་པར་བྱས་ཏེ། ལས་ཀའི་ཁྲོད་དཀའ་སྤྱད་འབད་འཐབ་དང་འགན་འཁྲི་འཁུར་ཕོད་པ་སོགས་ཀྱི་བསམ་པའི་གཤིས་རྒྱུད་ལག་ལེན་བྱེད་པ་དང་ལས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་ནས། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རམ་འདེཌ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།