དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོང་ཚོའི་ལྟ་སྲུང་འོག་ལོ་40ཡི་རིང་ཕོ་བྲང་པོ་ཏ་ལར་མེ་སྐྱོན་གཏན་ནས་ཐོན་མེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-24

    འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མིས་མེ་ཟོན་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མིས་མེ་ཟོན་སྒྲིག་ཆས་ལ་འཆར་ཅན་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འཐབ་པས་མེ་ཟོན་མཉམ་འབྲེལ་ལས་སྒྲུབ་ཀྱི་ལས་དོན་རྩིས་སྤྲོད་རེའུ་མིག་ལ་ཞིབ་བཤེར་བྱེད་བཞིན་པ།

    ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་ཕྱག་བཏབ་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13ཡོད་ཅིང་། 1994ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང》ནང་བཅུག་པ་དང་། དེ་ནི་བོད་ཀྱི་རིག་གནས་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་གལ་ཆེན་ཞིག་རེད།

    1984ལོར་ཕོ་བྲང་པོ་ཏ་ལའི་རིག་དངོས་ཀྱི་གནའ་ཤུལ་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱ་ཆེད་མེ་ཟོན་ཚན་ཁག་གཅིག་ཕོ་བྲང་པོ་ཏ་ལར་བཅའ་སྡོད་བྱས་པ་རེད། 2003ལོར་ཕོ་བྲང་པོ་ཏ་ལའི་མེ་ཟོན་ཚན་ཁག་དེ་མེ་ཟོན་རུ་འབྲིང་དུ་རིམ་པ་སྤར་བ་དང་། 2005ལོར་མེ་ཟོན་རུ་འབྲིང་དེ་སླར་ཡང་མེ་ཟོན་རོགས་སྐྱོབ་རུ་ཆེན་དུ་རིམ་པ་སྤར་བ་རེད། མིག་སྔར་རུ་ཆེན་དེར་རྒྱ་རིགས་དང་བོད་རིགས་སོགས་མི་རིགས་མང་པོའི་མེ་ཟོན་བཀོད་འཐབ་པ་49ཡོད་པ་རེད།

    ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མི་ཧོའུ་ཤུས་ཧྥེ་ཡིས“ཕོ་བྲང་པོ་ཏ་ལ་ནི་ལོ་རྒྱུས་རིག་གནས་སྒྱུ་རྩལ་གྱི་ནོར་མཛོད་ལྟ་བུ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། དེ་གར་མེ་ཟོན་རུ་མི་ཚོས་ཡིན་ཅིག་གཟབ་ནན་ཞིབ་ཚགས་ཀྱི་རྣམ་འགྱུར་འཛིན་དགོས”ཞེས་བཤད།

    དཔུང་ཁག་དེས་ད་བར་ལོ་40ཡི་རིང་ཕོ་བྲང་པོ་ཏ་ལར་མེ་སྐྱོན་གཏན་ནས་ཐོན་མྱོང་མེད་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་རྒྱུན་བསྐྱངས་ཡོད། 2011ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རུ་ཆེན་དེར“ཕོ་བྲང་པོ་ཏ་ལའི་དཔེ་བཟང་མེ་ཟོན་རུ་ཆེན”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་དང་2024ལོའི་ཟླ་9པར་རུ་ཆེན་དེར་སླར་ཡང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟེངས་བསྟོད་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།