རྒྱལ་ཡོངས་ཀྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་གཏོང་རྣམ་གྲངས་ཐོག་མ་ནག་ཆུར་སྤྱོད་འགོ་ཚུགས་པ།
གསར་འགོད་པས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནས་ཤེས་རྟོགས་བྱས་པར། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་དང་མཉམ་འབྲེལ་སྒུལ་ཤུགས་ནུས་རྒྱུ་གསར་པའི་བྱ་གཞག་པུའི་ཏང་ཀྲི་པུས་འགག་སྒྲོལ་བྱས་པའི་རྒྱལ་ཡོངས་ཀྱི་སྨི་5000རིམ་པའི་ས་བབ་ཧ་ཅང་མཐོ་བའི“རླུང་ནུས་དང་འོད་ནུས་གསོག་འཇོག་གཞི་གཅིག་ཅན”གྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་གཏོང་རྣམ་གྲངས་ཐོག་མ་དེ་ནག་ཆུ་སྙན་རོང་རྫོང་གཡུ་མཆོག་ཤང་ཁམས་ཁུག་གྲོང་ཚོར་གྲུབ་འབྲས་ཐོབ་པའི་ངང་སྤྱོད་འགོ་ཚུགས་ཤིང་། གློག་དྲ་ཆུང་ངུའི་གློག་གཏོང་མ་ལག་རྣམ་གྲངས་དེས་གྲོང་ཚོ་ཨུ་ལྷན་གྱི་གློག་སྤྱོད་འགན་ལེན་དང་འཚོ་བའི་ལེ་ལག་ཚང་བའི་ཆུ་ཚད་ལེགས་སུ་འགྲོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།