དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐད་གཏོང་དཔལ་འབྱོར་གྱིས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐད་གཏོང་དཔལ་འབྱོར་རང་ལྗོངས་སུ་མགྱོགས་མྱུར་དར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་སུ་ཐད་གཏོང་ལ་ཞུགས་པའི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་1.95ཟིན་ཡོད།

    ཟླ་བ་11པར་རང་སྐྱོང་ལྗོངས་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་སྤེལ་འགོ་ཚུགས་ཚུན། ཐོག་མའི་འགྲན་བསྡུར་བྱེད་རིང་ཐད་གཏོང་བྱེད་མཁན་162དང་ཐོན་རྫས་འདེམས་མཁན་ཁེ་ལས་62ཀྱིས་མཉམ་དུ་དབྱར་རྩྭ་དགུན་འབུ་དང་། ཤ་སྐམ་པོ། ཀོ་ཤ་སོགས་རང་ཡུལ་གྱི་ཞིང་འབྲོག་ཐོན་རྫས་དྲ་ཐོག་ཏུ་བཏོན་ཡོད། ཉིན་24ཡི་སྤྱིའི་འགྲན་བསྡུར་བྱེད་རིང་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1339ལས་བརྒལ་ཡོད།

    ཐད་གཏོང་དྲ་ཐོག་ཚོང་དོན་གྱི་རམ་འདེགས་འོག་2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་སུ་དྲ་ཐོག་ནས་ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་138ཟིན་པ་དང་དུས་མཚུངས་ལས་91.1%འཕར་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་གྱི་20.6%བཟུང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཆེན་པོ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།