དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དགུན་དུས་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་ཟོག་འདྲེན་ལས་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-20

    ཧོའེ་ཧྭ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་བྱང་རྒྱུད་མཚོ་ཁུག་གྲུ་ཁ་དང་། ཀོང་ཀྲོའུ་གྲུ་ཁ། ཧྲེན་ཀྲེན་གྲུ་ཁ། ཀྲན་ཅང་གྲུ་ཁ་བཅས་བརྒྱུད་མཚོ་ཐོག་ཏུ་ཐོན་པ་དང་། དེ་བཞིན་ཀྲུང་གོ་དང་ལོ་སི། ཀྲུང་གོ་དང་ཝེ་ཐེ་ནམ། ཀྲུང་གོ་དང་འབར་མ་བཅས་ཀྱི་རྒྱལ་མཚམས་སྒྲོལ་བ་སོགས་ཀྱི་རྒྱལ་སྤྱིའི་ཟོག་འགྲེམས་ཀྱི་བགྲོད་ལམ་ཆེན་པོ་བདུན་ཤར་གཏོང་བྱས་པ་དེ་དག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་41གི་གྲུ་ཁ་དང་ས་ཚིགས་107ལ་ཁྱབ་པ་དང་། སྐྱེལ་འདྲེན་དངོས་ཟོག་སྣ་ཁ་མི་འདྲ་བ་16དང་དངོས་རྫས་མི་འདྲ་བ་167ལ་ཁྱབ་ཡོད་པ་རེད།

    ཉིན་ཤས་གོང་། ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་བྲེལ་འཚུབ་ཀྱིས་ཁེངས་ཤིང་། བཟོ་པས་སྒམ་དང་། ལྕགས་རིགས་ཡོ་བྱད། ཞིང་ལས་འཕྲུལ་ཆས་སོགས་དབོར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།